འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོས་པའི་འཛམ་གླིང་གི་རབས་གཉིས་པའི་ཐེག་ཚད་ཏུན་ཁྲི་40ཡི་གཏེར་བྱེའི་
    གྲུ་གཟིངས་དང་པོ་འཁོར་རྒྱུག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཝུའུ་ཧན་གྲུ་གཟིངས་ཚོགས་པས་བཟོ་འགན་འཁུར་བ་དང་རང་རྒྱལ་གྱིས་བཟོས་པའི་འཛམ་གླིང་གི་རབས་གཉིས་པའི་ཐེག་ཚད་ཏུན་ཁྲི་40ཡི་གཏེར་བྱེའི་གྲུ་གཟིངས་དང་པོ་དེ་ཝུའུ་ཧན་གྲུ་གཟིངས་ཚོགས་པའི་བྱང་ཕྱོགས་གྲུ་གཟིངས་ལྕི་བའི་བཟོ་ལས་ཁུལ་དུ་འཁོར་རྒྱུག་བྱས་ཤིང་། ཉིན་རེའི་འཕྲུལ་འཁོར་གཙོ་བོའི་སྣུམ་ཟད་གྲོན་བྱེད་ཚད་རབས་དང་པོའི་ཏུན་97.9ནས་ཏུན་79.5བར་ཉུང་དུ་ཕྱིན་ནས་སྣུམ་ཟད་གྲོན་བྱེད་ཚད་18.8%ཆག་པ་རེད།
           ཀྲུང་གོ་གཏེར་རྫས་སྐྱེལ་འདྲེན་ཚད་ཡོད་ཀུང་སི་ཚོང་འགུགས་གྲུ་གཟིངས་ནུས་རྒྱུ་སྐྱེལ་འདྲེན་ཚད་ཡོད་ཀུང་སི་དང་དེ་བཞིན་གླ་ཕོགས་དངུལ་རྩ་བོགས་གཏོང་ཚད་ཡོད་ཀུང་སིས་ཁྱོན་ཏུན་ཁྲི་40རིམ་པའི་གཏེར་བྱེའི་གྲུ་གཟིངས་ཆེ་གྲས་30བཟོ་རྒྱུ་མངགས་པ་ཚང་མ་རྒྱལ་ནང་གི་གྲུ་གཟིངས་བཟོ་གྲྭ་བཞིས་བཟོས་པ་དེའི་ནང་ཝུའུ་ཧན་གྲུ་གཟིངས་ཚོགས་པས་གྲུ་གཟིངས་མངགས་ཐོ་8རྩིས་བླངས་པ་དང་ད་ཐེངས་འཁོར་རྒྱུག་བྱས་པ་དེ་གྲུ་གཟིངས་30ཡི་ནང་གི་འཁོར་རྒྱུག་ཐེངས་དང་པོ་བྱས་པ་དེ་ཡིན་ཞིང་། དེ་ནི་འཛམ་གླིང་ཐོག་སྔོན་ཐོན་གྱི་གྲུ་གཟིངས་བཟོ་ཏ་གསར་ཤོས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།