འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་འདི་ཉིད་འཛམ་གླིང་གྲངས་འཛིན་འཕྲིན་གཏོང་ལག་རྩལ་གྱི་སྣེ་ཁྲིད་པའི་གྲས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྐབས་72པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་མ་འཚོག་གོང་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་(རྒྱལ་སྤྱིའི་གློག་འབྲེལ)གྱི་དྲུང་ཆེ་ཀྲའོ་ཧོའུ་ལིན་གྱིས་ཚེས་18ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཀྲུང་གོ་འདི་ཉིད་འཕྲིན་གཏོང་ལག་རྩལ་གྱི་སྣེ་ཁྲིད་པའི་གྲས་སུ་གྱུར་པ་དང་འཛམ་གླིང་གིས་ཀྲུང་གོས་གྲངས་འཛིན་འཕྲིན་གཏོང་ཁྱབ་ཁོངས་ནང་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
          ཀྲའོ་ཧོའུ་ལིན་གྱིས་ཀྲུང་གོས་ཁྱབ་རྒྱ་ཆེ་བའི་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ་བསྐྲུན་པ་དང་ཆབས་ཅིག འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ཐད་གསར་གཏོད་རང་བཞིན་གྱི་ལས་ཀ་འབོར་ཆེན་བསྒྲུབས་པས། ལག་རྩལ་སྣེ་ཁྲིད་པའི་གྲས་སུ་སླེབས་པ་དང་གྲངས་འཛིན་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ལ་ཁྱད་ཆོས་ལྡན་ཡོད། མིག་སྔར། ཧྭ་ཝེ་དང་ཀྲུང་ཤིང་སོགས་སྒྲིག་ཆས་མཁོ་འདོན་ཚོང་པ་དང་ཨ་ལི་པ་པ་དང་ཐེང་ཤུན་སོགས་དྲ་སྦྲེལ་ཁེ་ལས་ཀྱི་ལག་རྩལ་དང་། གཞི་ཁྱོན། ཞབས་ཞུ། ཕན་འབྲས་སོགས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཀྱི་ཡོད་ཅེས་བརྗོད།
          ཀྲའོ་ཧོའུ་ལིན་གྱིས་གློག་འཕྲིན་བྱ་གཞག་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའི་གྲས་ཤིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ནང་ཚུད་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་17ཚང་མ་གློག་འཕྲིན་ཆ་འཕྲིན་ལག་རྩལ་དང་འབྲེལ་བ་ཡོད། རྒྱལ་སྤྱིའི་གློག་འབྲེལ་གྱིས་ཀྲུང་གོས་གློག་འཕྲིན་ཆ་འཕྲིན་ལག་རྩལ་ལོངས་སྤྱོད་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།