འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨང་ཧྲན་སུའུ་ཅི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རའོ་ཁའེ་མངའ་སྡེའི་གནད་དོན་ཐག་གཅོད་
    བྱ་རྒྱུར་ཐབས་འདོན་ཇུས་འབུལ་གནང་རོགས་ཞེས་རེ་འབོད་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨང་ཧྲན་སུའུ་ཅི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རའོ་ཁའེ་མངའ་སྡེའི་གནད་དོན་ཐག་གཅོད་
བྱ་རྒྱུར་ཐབས་འདོན་ཇུས་འབུལ་གནང་རོགས་ཞེས་རེ་འབོད་བྱས།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། འབར་མའི་རྒྱལ་དོན་བློ་འདྲི་ཨན་ཧྲན་སུའུ་ཅི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རའོ་ཁའེ་མངའ་སྡེའི་གནད་དོན་ཐག་གཅོད་བྱ་རྒྱུར་དགེ་མཚན་ལྡན་པའི་དགོངས་འཆར་འདོན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
         ཨང་ཧྲན་སུའུ་ཅི་ཡིས་ཉིན་དེར་ནེ་པི་ཏུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་གཉིས་པར་གཏམ་བཤད་བྱེད་སྐབས་འབར་མའི་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་སྲིད་གཞུང་དང་གྲོས་མོལ་བྱ་རྒྱུ་དང་། འབར་མའི་སྲིད་གཞུང་གི་མི་སྣ་དང་མཉམ་དུ་གནད་དོན་བྱུང་སའི་ས་ཁུལ་དུ་བསྐྱོད་རྒྱུར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད། ཁོང་མོས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འབར་མ་དང་མཉམ་ལས་བྱས་ནས་མི་ཆོས་རིང་ལུགས་དང་མཐུན་པའི་རོགས་སྐྱོར་རྣམ་གྲངས་སྤེལ་བ་མཐོང་བས་ཧ་ཅང་དགའ་པོ་བྱུང་བ་དང་། ལས་ཁུངས་གཞན་པའང་ཐུན་མོང་དུ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཨང་ཧྲན་སུའུ་ཅི་ཡིས་གཏམ་བཤད་སྤེལ་བའི་ནང་དུ་འབར་མ་སྲིད་གཞུང་གིས་རའོ་ཁའེ་ས་ཁུལ་དུ་ཞི་བདེ་ཡོང་བ་དང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་ཆེད་ལག་བསྟར་བྱས་པའི་བྱ་ཐབས་ངོ་སྤྲོད་བྱས་ཤིང་། ཁོང་མོས་འབར་མས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཙུགས་ནས་རའོ་ཁའེ་ཡི་ཁྲིམས་སྐྱོང་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་པ་དང་། རའོ་ཁའེ་མངའ་སྡེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འཆར་གཞི་བཟོ་འགོད་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་གོ་སྐབས་བརྒྱ་ཕྲག་མང་པོ་གསར་གཏོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
         ཨང་ཧྲན་སུའུ་ཅི་ཡིས་ཟླ་9ཚེས་5ཉིན་ནས་བཟུང་རའོ་ཁའེ་མངའ་སྡེ་བྱང་རྒྱུད་ས་ཁུལ་དུ་དྲག་ཆས་གདོང་གཏུག་དང་གཙང་བཅོམ་བྱ་སྤྱོད་བསྐྱར་དུ་བྱུང་མེད། “འདི་འདྲ་བྱུང་ཡོད་ཀྱང་། ང་ཚོས་སྔར་བཞིན་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་ཁ་ཤས་རྒྱལ་མཚམས་བརྒལ་ནས་བྷང་ག་ལར་བྲོས་བྱོལ་བྱས་པའི་ཆ་འཕྲིན་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། ཁོང་ཚོ་ཕྱིར་བྲོས་པའི་རྒྱུ་མཚན་གང་ཡིན་རྩད་ཞིབ་བྱ་རྒྱུ་དང་། ཕྱིར་བྲོས་པ་དང་རང་སར་གནས་པའི་མང་ཚོགས་དང་གྲོས་མོལ་བྱ་རྒྱུ་རེ་བ་བྱེད་ཀྱི་ཡོད” 50%ལས་བརྒལ་བའི་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་གྲོང་ཚོ་སྐྱོན་མེད་ཆ་ཚང་བ་གནས་ཡོད་ཅེས་བཤད་པ་རེད།
         འབར་མའི་སྲིད་གཞུང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། ཟླ་8ཚེས་25ཉིན་འཇིགས་སྐུལ་བྱ་སྤྱོད་བྱུང་བ་ནས་བཟུང་། རའོ་ཁའེ་མངའ་སྡེའི་བྱང་རྒྱུད་དུ་འཇབ་རྒོལ་ཐེངས་97བྱུང་བ་དང་།བདེ་སྲུང་དམག་དཔུང་གི་མི་སྣ་དང་། སྲིད་གཞུང་གི་དཔོན་པོ། མི་སེར་དཀྱུས་མ་བཅས་ 30ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ཕྲག་མང་པོ་གནས་མེད་ཡུལ་གྱར་བ་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།