འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སླར་ཡང་སྒོར་དུང་ཕྱུར་5.1བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་
    གེགས་སེལ་ཐད་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཟླ་9ཚེས་14ཉིན་ཀྲུང་དབྱང་ནོར་སྲིད་ཀྱིས་སླར་ཡང་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་དང་། དེ་བཞིན་ཞོད་སྐྱོན་དང་ཐན་པ་ཚབས་ཆེན་འགོག་པ་བཅས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.1བཏང་བའི་ནང་ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་གསར་སྦོལ་སྤྱི་ཁྱབ་ཅུས་ལ་སྒོར་ཁྲི་3000དང་ཀོང་ཏུང་ཞིང་ཆེན་ཞིང་ལས་གསར་སྦོལ་སྤྱི་ཁྱབ་ཅུས་ལ་སྒོར་ཁྲི་3000བཏང་ཡོད། མིག་སྔའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་2017ལོའི་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་དང་དེ་བཞིན་ཞོད་སྐྱོན་དང་ཐན་པ་ཚབས་ཆེན་འགོག་པ་བཅས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་51.42གཏོང་སྤྲོད་བྱས་ཡོད་པ་རེད།
          ཟླ་8པའི་ཟླ་མཇུག་བར་ལེའོ་ཉིང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)10དང་། ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་གསར་སྦོལ་སྤྱི་ཁྱབ་ཅུས། ཀོང་ཏུང་ཞིང་ཆེན་ཞིང་ལས་གསར་སྦོལ་སྤྱི་ཁྱབ་ཅུས་བཅས་ཀྱི་ཞིང་ལས་སྐྱེ་དངོས་མུའུ་ཁྲི་2000ཙམ་ལ་གནོད་འཚེ་ཕོག་པ་དང་། སྔོ་ཚལ་དང་གསོ་ཚགས་དྲོད་ཁང་ཆེ་མོར་གཏོར་སྐྱོན་ཕོག་པ་དང་རྡིབ་པ། སྒོ་ཕྱུགས་དང་ཁྱིམ་བྱ་ཤི་བ་སོགས་ཀྱི་གྱོང་གུན་ཕོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།