འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུའི་དྲ་བ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བཞི་བརྒྱ་ལྷག་
    ཙམ་ལ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། གསར་འགོད་པས་ཧྲེན་ཀྲེན་གྲོང་ཁྱེར་ལུང་ཀང་ཆུས་ཀྱིས་གཉེར་བའི་སྐབས་དྲུག་པའི་ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་དང་ངེས་གནས་ཞབས་ཞུའི་ལོ་ཚོགས་དང་སྐབས་དང་པོའི་སྲུང་སྐར་བཀོལ་སྤྱོད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔར་རང་རྒྱལ་གྱི་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་གིས་གྲོང་ཁྱེར་གྱི་འཛུགས་སྐྲུན་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡོད། དཔེར་ན། གྲོང་ཁྱེར་གྱི་འབར་རླངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་མཁོ་འདོན། གློག་ཤུགས་གློག་དྲ། ཆུ་འདོན་ཆུ་འབུད། རིག་ལྡན་འགྲིམ་འགྲུལ། རིག་ལྡན་རྒན་གསོ་སོགས་ལས་རིགས་ཀྱི་དགོས་མཁོའི་ཁྲིད་སྟོན་འོག མིག་སྔའི་བར་བྱང་སྐར་སྤུན་བདུན་མ་ལག་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་400ལྷག་ཙམ་ལ་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུ་མཁོ་འདོན་བྱས་ཏེ་རིག་ལྡན་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་བཏང་ནས་བྱང་སྐར་སྤུན་བདུན་གྱི“གྲོང་ཁྱེར་བརྒྱ་དང་། མཉམ་འབྲེལ་བརྒྱ། བཀོལ་སྤྱོད་བརྒྱ”བཅས་སྔར་བས་མངོན་འགྱུར་ཐུབ་རྒྱུ་རེད།
          ཁྱབ་བསྒྲགས་བྱས་པ་ལྟར་ན། མིག་སྔར་བྱང་སྐར་སྤུན་བདུན་གྱི་གོ་ལ་ཧྲིལ་པོའི་མ་ལག་གསུམ་པ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་འཆར་གཞི་ལྟར་ན་འདི་ལོའི་ལོ་མཇུག་ཏུ་གོ་ལ་ཧྲིལ་པོའི་དྲ་ཚོགས་སྲུང་སྐར་བཞི་འཕངས་ནས་2020ལོའི་གཡས་གཡོན་དུ་སླེབས་སྐབས་གོ་ལ་ཧྲིལ་པོར་སྲུང་སྐར་ཕྱོགས་སྟོན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།