འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀུན་གྱིས་ལས་གཏོད་བར་མཐོངས”ལ་ཞབས་ཞུའི་ཚད་གཞི་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་ལས་གཏོད་ལ་སྐུལ་མ་ཤུགས་ཆེན་གཏོང་བའི་རྒྱབ་ལྗོངས་འོག་ཀུན་གྱིས་ལས་གཏོད་བར་མཐོངས་གོང་འཕེལ་མྱུར་པོ་སོང་ནས་ལོ་3ཙམ་རིང་4300ཙམ་ཟིན་ཡོད། རྒྱལ་ཡོངས་ཀྱི་ཀུན་གྱིས་ལས་གཏོད་བར་མཐོངས་ཚད་ལྡན་དང་ཞབས་ཞུའི་ཚད་གཞི་ཐོག་མ་དེ་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”རྒྱུར་ཞབས་འདེགས་སྔར་བས་བྱེད་ཐུབ་ངེས་རེད།
         ཚེས་15ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་རིང་། ཚན་རྩལ་པུའུ་དཔལ་འབར་ལྟེ་གནས་དང་ཡོ་ཁི་ལས་ཁང་སོགས་མཉམ་འབྲེལ་གཞུང་ལས་རིགས་ཀྱི་ཀུན་གྱིས་ལས་གཏོད་བར་མཐོངས་ཀྱིས་ཧྲང་ཧའེ་ཡི་ཚོགས་ར་གཙོ་བོར་《ཀུན་གྱིས་ལས་གཏོད་བར་མཐོངས་ཀྱི་ཞབས་ཞུ་ཚད་གཞི་(ཚོད་ལྟའི་ལག་བསྟར)》དང་《ཀུན་གྱིས་ལས་གཏོད་བར་མཐོངས་(མཉམ་འབྲེལ་གཞུང་སྒྲུབ)གྱི་ཞབས་ཞུའི་ཚད་གཞི་》དངོས་སུ་ཁྱབ་བསྒྲགས་བྱས་ཡོད། “ཚད་གཞིའི”ནང་ཐོག་མར་ཀུན་གྱིས་ལས་གཏོད་བར་མཐོངས་ལ་ཚད་གཞིའི་གོ་དོན་བཞག་པ་དང་། ཞབས་ཞུའི་མི་ཚོགས་དང་བྱེད་ནུས་གཙོ་བོ་གཏན་འབེབས་བྱས་ཁར་ཞབས་ཞུའི་ནང་དོན་36ཞིབ་ཕྲར་བཟོས་པ་མ་ཟད་ཚད་ལྡན་ཅན་གྱི་སྲོལ་ཡིག་ཀྱང་གྲུབ་ཡོད།
         ཚན་རྩལ་པུའི་དཔལ་འབར་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཀྲི་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཀུན་གྱིས་ལས་གཏོད་བར་མཐོངས་ལོ་3རིང་གོང་འཕེལ་བཏང་སྟེ་གཉིས་གཏོད་ལས་ཀའི་རྨང་གཞིའི་དམ་འཛིན་བྱ་གཞིར་གྱུར་ཡོད། མིག་སྔར་དཔལ་འབར་ལྟེ་གནས་སུ་ཐོ་འགོད་སྙན་སེང་བྱས་པའི་རྒྱལ་ཡོངས་ཀྱི་ཀུན་གྱིས་ལས་གཏོད་བར་མཐོངས་4298ཟིན་པ་དེ་ཚན་རྩལ་ཁེ་ལས་3200སྐྱེད་སྲིང་དང་ཁེ་ལས་400མྱུར་འཕེལ་དབར་གོ་རིམ་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་སྐྱེད་སྲིང་སྦྲེལ་ཐག་ཅིག་གྲུབ་ཅིང་། 2016ལོར་ཁྱོན་ཞབས་འདེགས་ཞུས་པའི་ལས་གཏོད་ཚོགས་པ་དང་ཐོག་མར་གསར་གཏོད་བྱས་པའི་ཁེ་ལས་ཁྲི་40ཙམ་ཟིན་ཁར་སྐུལ་ཁྲིད་བྱས་ཏེ་མི་ཁྲི་200ལྷག་ལས་ཞུགས་བྱུང་བ་དང་། གསར་གཏོད་དང་། ལས་གཏོད། ལས་ཞུགས་བཅས་ཀྱི་ཟུང་འབྲེལ་ནུས་ལྡན་དང་འཁོར་སྐྱོད་ཡག་པོ་བྱུང་ཡོད་པ་རེད།
         ཀུན་གྱིས་ལས་གཏོད་བར་མཐོངས་ཀྱིས་ལས་གཏོད་ཐོག་མའི་དུས་ཀྱི་སྐྱེད་སྲིང་གི་དཀའ་གནད་བསལ་བ་དང་། དམངས་ཁྲོད་མ་རྩ་འབོར་ཆེན་ཡང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཞུགས་ཐུབ་པར་བྱས་ཡོད།
         ཀུན་གྱིས་ལས་གཏོད་བར་མཐོངས་ཀྱིས་ཀྱང་དངོས་ཚན་དཔལ་འབྱོར་ཕྱོགས་འགྱུར་རིམ་སྤོར་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་སྣང་ཚུལ་ལ་སྐུལ་མ་བཏང་ནས་ལས་གཏོད་རིག་གནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཡུལ་ས་གཙོ་བོ་ལྟ་བུར་གྱུར་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ནང་གི་ཀུན་གྱིས་ལས་གཏོད་བར་མཐོངས་ལ་གཞུང་ཁོངས་ཁེ་ལས་དང་མཐོ་སློབ་ཀྱི་ཚན་ཞིབ་ཁང་གིས་བཙུགས་པ་1142ཡོད་པ་དེས་26.6%ཟིན་པ་དང་། ཀྲུང་གོའི་གློག་རྡུལ་དང་། ཕུའུ་ཐེན་ཚོགས་པ། ཏ་ཐང་གློག་འཕྲིན། ཐེན་ཞོན། ཨ་ལི། ཅིང་ཏུང་སོགས་ཀྲུང་དབྱང་ཁེ་ལས་མང་པོ་དང་དམངས་གཉེར་ཁེ་ལས་ཆེ་གྲས་གཉིས་གཏོད་ལ་ཧུར་ཐག་ཞུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།