འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་རྟེན་འབྲེལ་གྱི་མེ་ཏོག་སྡིངས་ཆ་སྒྲིག་འགོ་
    བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་རྟེན་འབྲེལ་གྱི་མེ་ཏོག་སྡིངས་ཆ་སྒྲིག་འགོ་
བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་རྟེན་འབྲེལ་གྱི་མེ་ཏོག་སྡིངས་ཆ་སྒྲིག་འགོ་བརྩམས་པ་དང་། མིག་སྔར་ཐང་ཆེན་གྱི་གཞོགས་གཉིས་ཀྱི་སྤང་ལྗོངས་སྟེང་དུ་མེ་ཏོག་ཀ་བ་དང་མེ་ཏོག་ཟླུམ་པོ། དེ་བཞིན་མེ་ཏོག་ར་བ་སོགས་གཞི་རྩའི་ཆ་ནས་བཀོད་སྒྲིག་བྱས་ཟིན་པ་རེད། པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་ལྗང་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་རྒྱལ་སྟོན་དུས་ཆེན་དུ། “མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་དབྱིབས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡང་བསྐྱར་བསྒྲིག་རྒྱུ་ཡིན་ཞིང་། གནམ་བདེ་སྒོ་མོ་ཆེའི་གཞོགས་གཉིས་ཀྱི་སྤང་ལྗོངས་སུ་མེ་ཏོག་གི་ཀ་བ་12དང་མེ་ཏོག་ཟླུམ་པོ་18 སྨི་གྲུ་བཞི་མ་5000ཟིན་པའི་མེ་ཏོག་ར་བ་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། དགོང་མོར་ད་དུང་གློག་འོད་འགྱུར་སྟངས་སྤྱད་དེ་མཚན་ལྗོངས་མཛེས་ཤིང་ཕུན་སུམ་ཚོགས་པར་བྱ་རྒྱུ་རེད།
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་རྟེན་འབྲེལ་གྱི་མེ་ཏོག་སྡིངས་ཆ་སྒྲིག་འགོ་
བརྩམས་པ།
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་རྟེན་འབྲེལ་གྱི་མེ་ཏོག་སྡིངས་ཆ་སྒྲིག་འགོ་
བརྩམས་པ།
    ༄༅།།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་སྟོན་རྟེན་འབྲེལ་གྱི་མེ་ཏོག་སྡིངས་ཆ་སྒྲིག་འགོ་
བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།