འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏེར་ཁ་སྔོག་མི་ཆོག་པའི་གསལ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀན་སུའུ་ཞིང་ཆེན་གྱིས་གསར་དུ་བཏོན་པའི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སྔོག་འདོན་གྱི་ཞིབ་མཆན་དོ་དམ་བྱ་ཐབས་ཡོངས་བསྒྲགས་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོལ་བཤེར་དང་སྔོག་འདོན་གྱི་བདག་དབང་གསར་པ་འཛུགས་པ་དང་རྒྱུན་མཐུད་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་པ་རེད།
          འདི་ནི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་ལ་བརྡ་ཁྱབ་བཏང་རྗེས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་གཏེར་ཁའི་ཐོན་ཁུངས་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བཟོ་བཅོས་བརྒྱབ་པ་ཞིག་རེད།
         《ཀན་སུའུ་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སྔོག་འདོན་གྱི་ཞིབ་མཆན་དོ་དམ་བྱ་ཐབས་》གསར་པའི་དོན་ཚན་བཅུ་དྲུག་ནང་རང་བྱུང་སྲུང་སྐྱོང་ཁུལ་དང་། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ཁུལ། མཛེས་ལྗོངས་གྲགས་ཅན་ཁུལ། རྒྱལ་ཁབ་སྤྱི་གླིང་སོགས་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཡིག་བཅས་ནང་སྔོག་འདོན་ཁུལ་ཁོངས་སུ་རྩད་ཞིབ་བྱེད་མི་ཆོག་པ་དང་གཏེར་ཁ་འཚོལ་བཤེར་བདག་དབང་དང་སྔོག་འདོན་བདག་དབང་གསར་པ་འཛུགས་པ་དང་རྒྱུན་མཐུད་བྱེད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་པ་རེད།
         བྱ་ཐབས་ནང་ད་དུང་གཏེར་ཁ་རྩད་ཞིབ་བདག་དབང་དང་གཏེར་ཁ་སྔོག་འདོན་བདག་དབང་གསར་འཛུགས་དང་། བརྒྱུད་བཤུག བརྗེ་སྒྱུར། རྒྱུན་མཐུད་བཅས་བྱེད་སྐབས་རྒྱལ་ཁབ་ས་ཆ་ཐོན་ཁུངས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་སྔོག་འདོན་ཁུལ་ཁོངས་ལ་བཀག་འགོག་དང་། ཚོད་འཛིན། རྩད་ཞིབ་བཅས་བྱེད་མི་ཆོག་པ་དང་འབྲེལ་བ་ཡོད་མིན་དང་གཏེར་ཁའི་ཐོན་ཁུངས་ཀྱི་སྤྱིའི་འཆར་འགོད་དང་མཐུན་མིན་ལ་གཙོ་གནད་ཐོག་འཆར་འགོད་དང་ཞིབ་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།