འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སླད་ཕྱིན་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་ལེན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཡིག་རྒྱུགས་ཟླ་9ཚེས་16དང་ཚེས་17ཉིན་རྒྱལ་ཡོངས་སུ་གཅིག་གྱུར་ཐོག་ལེན་འགོ་ཚུགས་ཤིང་། དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་དངོས་སུ་མ་ལེན་གོང་གི་ཁྲིམས་འཛིན་ཡིག་རྒྱུགས་མཐའ་མ་དེ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་མི་ཁྲི་64.9ལྷག་ཙམ་གྱིས་ཡིག་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་། ཤང་ཀང་། ཨའོ་མོན་བཅས་སུ་རྒྱུགས་ཁུལ་249བཙུགས་པ། རྒྱལ་ཡོངས་སུ་ཁྱོན་བསྡོམས་རྒྱུགས་གནས་537ཡོད་པ་རེད།
          ཁྲིམས་འཛིན་པུའི་པུའུ་ཀྲང་ཀྲང་ཅུན་གྱིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཞིབ་འཇུག་སློབ་མ་ཁང་དུ་རྒྱུགས་གནས་ལ་རྟོག་ཞིབ་གནང་སྐབས་ཡིག་རྒྱུགས་ཀྱི་བདེ་འཇགས་ཐད་མི་ཐབས་ལ་བརྟེན་ནས“ནན་འགོག་གཏན་འགོག”དང་རྒྱུགས་སྤྲོད་སློབ་མར“དོ་དམ་ནན་པོ་དང་དོ་ཁུར་ཆེན་པོ”བྱེད་དགོས་ཞེས་དང“ཁྲིམས་སྐྱོང་ལས་དོན་དཔུང་ཁག་གི་རྗེས་གྲབས་སྟོབས་ཤུགས་ཡིན་པའི་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཡག་པོ་ཞུ་བ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཞབས་འདེགས་ཞུ་བ་དང་ཁྱད་མེད། སློབ་མར་སྟབས་བདེ་ལ་མྱུར་བའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་དུས་མཚུངས་ཁོང་ཚོར་ཁྲིམས་འཛིན་ལས་ཁུངས་སུ་འཛུལ་བའི་ཡིད་རྟོན་འགག་སྒོ་ནན་པོར་སྲུང་དགོས་པའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས། ཡིག་རྒྱུགས་ཀྱི་སྒྲིག་འགལ་གཡོ་ལས་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། དོ་དམ་ནན་པོ་བྱེད་པ་བརྒྱུད་རྒྱ་ཆེའི་སློབ་མ་རྣམས་ལ་དོ་ཁུར་ཆེན་པོ་དངོས་སུ་ཐུབ་པ་བྱེད་དགོས”ཞེས་གསུངས་པ་རེད།
          བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ཆེད། རང་རྒྱལ་གྱིས“རྒྱལ་ཁབ་ཀྱི་གཅིག་གྱུར་ཁྲིམས་འཛིན་ཡིག་རྒྱུགས”དེ“རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས”ལ་བསྒྱུར་བ་རེད། ཡིག་རྒྱུགས་ནང་ཞུགས་ཆོག་པའི་མི་སྣ་དེ་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། ཁྲིམས་རྩོད་པ། བདེན་དཔང་བ་བཅས་ནས་སྲིད་འཛིན་ཁྲིམས་ཆད་གཏན་འབེབས་ཀྱི་ཞིབ་བཤེར་དང་། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཁྲུན་གཅོད་བཅས་ཀྱི་ལས་དོན་སྒྲུབ་མཁན་བར་དང་དེ་བཞིན་བཅའ་ཁྲིམས་བློ་འདྲི་བ་དང་འདུམ་གཅོད་པའི་(བཅའ་ཁྲིམས་རིགས)བར་རྒྱ་ཆེ་རུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།