འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྐྱོར་ལ་རོགས་འདེགས་ཧུར་ཐག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ནས་ཚེས་7ཉིན་བར་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་ལི་སུང་ཝུའུ་དང་ལས་འཛིན་པ་ཁག་གཅིག་གིས་ཀུའེ་ཀྲོའུ་ཞིང་ཆེན་ཁའེ་ལི་གྲོང་ཁྱེར་དུ་བསྐྱོད་ནས“ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་བུད་མེད་བདེ་སྐྱིད་ཐེབས་རྩའི་མེའོ་རིགས་འཚེམ་འདྲུབ་གྲོང་ཚོའི་དབུལ་སྐྱོར་རྣམ་གྲངས”ལ་བརྟག་ཞིབ་བྱས་པ་རེད།
          2011ལོ་ནས་བཟུང་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཀུའེ་ཀྲོའུ་ཤར་ལྷོའི་མིའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཡི་མེའོ་རིགས་གྲོང་ཚོར་འཚེམ་འདྲུབ་རོགས་སྐྱོར་རྣམ་གྲངས་ལག་ལེན་བསྟར་ནས་གནད་སྨིན་དབུལ་སྐྱོར་ནུས་ལྡན་བྱས་ཡོད། འཚེམ་མཁན་ཚོར་ལས་ཀ་འཐུས་ཤོར་སོང་བའི་རིན་དངུལ་སོགས་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་འཚེམ་འདྲུབ་མཉམ་ལས་ཁང་འཛུགས་པ་སོགས་རྣམ་པའི་ཐོག་ནས་ཐོན་རྫས་མངགས་བཟོ་བྱས་པ་དང་ལེན་ཡང་བྱ་རྒྱུ་ཡོད། རྣམ་གྲངས་དེས་མེའོ་རིགས་འཚེམ་འདྲུབ་བཟོ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་དགེ་རྒན་ཆེ་མོ་བ་སློབ་ཁྲིད་བྱེད་པར་གདན་དྲངས་ནས་མེའོ་རིགས་འཚེམ་འདྲུབ་བཟོ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
         ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཕན་མཉམ་ལས་ཁྲུའི་རྣམ་གྲངས་ཀྱི་དཔོན་རིགས་དང་རྣམ་གྲངས་ཀྱི་འགན་འཁུར་བ་ཧན་ཞའོ་ཅུན་གྱིས་འདེམས་སྒྲུག་བརྒྱབ་པའི་གྲོང་ཚོ་དེ་དག་གྲོང་ཚོ་དབུལ་པོའི་ཚད་གཞི་དང་མཐུན་དགོས་ལ“འཚེམ་འདྲུབ་ལག་རྩལ་གྱི་རྒྱུན་ཆད་ལ་ཉེ་བ”ཡི་ཆ་རྐྱེན་དང་ཡང་མཐུན་དགོས་ཞེས་བཤད་པ་རེད། མིག་སྔར་རྣམ་གྲངས་འདིའི་ཁོངས་སུ་ལི་ཏའོ་གྲོང་ཚོ་དང་། མའེ་ཤང་གྲོང་ཚོ། ཀྲེན་ལིའུ་གྲོང་ཚོ་སོགས་གྲོང་ཚོ་14གཏོགས་པའི་ནང་གྲོང་ཚོ་དབུལ་པོ་6ཡོད་པ་རེད།
         ཁའེ་ཐང་གྲོང་རྡལ་མའེ་ཤང་གྲོང་ཚོའི་མེའོ་རིགས་གོས་འདྲུབ་དང་འཚེམ་འདྲུབ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ད་ལྟ་ཧྲེ་ཡོན་56ཡོད་པའི་ནང་དུད་ཚང་དབུལ་པོ་18ཡོད་པ་དང་། “ཀུང་སི+མཉམ་ལས་ཁང+གྲོང་ཚོའི་ཏང་ཀྲི་པུའུ+ཞིང་དུད”བཅས་ཀྱི་བྱེད་སྟངས་སྤྱོད་པ། ཧྲེ་ཡོན་གཅིག་གིས་ཉུང་མཐར་ཡང་དུད་ཚང་དབུལ་པོ་གཅིག་ལ་སྐུལ་འཁྲིད་བྱས་ནས་མཉམ་ལས་ཁང་དུ་ལས་ཞུགས་བྱེད་པ། མཉམ་ལས་ཁང་གི་ཡོང་འབབ་ཀྱི་20%གྲོང་ཚོ་རིམ་པའི་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པ་དང་ཐོབ་ཆ་བགོ་བའི་ཐད་སྤྱོད་ཀྱི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའུ་ལན་ཧྭ་ཡིས་མཉམ་ལས་ཁང་ན་ནིང་ཟླ་དྲུག་པར་བཙུགས་ཚུན་མངགས་ཐོ་ཁག་14དང་ལེན་བྱས་པར་ཁྱོན་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང་བ་དང་འཚེམ་མཁན་གྱི་ཟླ་རེའི་ཡོང་འབབ་སྒོར་1200ནས་1400བར་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།