འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེས་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་གཤགས་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་གིས་ཚེས་7དང་8ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དྲུག་ལ་རིན་མེད་གཤགས་བཅོས་བྱས་པ་རེད།
         འདི་ལོ་ཧུའུ་པེས་རིགས་གཅིག་མཁས་ཅན་མང་པོ་ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་དང་། ཆུ་གསུམ། འཕྱོངས་རྒྱས། རྒྱ་ཚ་སོགས་སུ་རིན་མེད་བརྟག་དཔྱད་བྱེད་པར་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་16ཁྲོད་གཤགས་བཅོས་བྱ་རྒྱུར་འཚམ་པའི་བྱིས་པ་12ཡོད་པ་གཏན་འཁེལ་བྱས་པ་རེད།
         ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་12དག་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་དུ་རིན་མེད་གཤགས་བཅོས་བྱ་རྒྱུ་དང་། དེའི་ནང་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་6ཚེས་7དང་8ཉིན་གཤགས་བཅོས་ལམ་ལྷོངས་བྱུང་བ་དང་དེ་བྱིངས་ཀྱི་བྱིས་པ་6ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་གཤགས་བཅོས་ཀྱི་དུས་ཚོད་ནད་པའི་གཟུགས་གཞིའི་གནས་ཚུལ་གཞིར་བཟུང་སླར་ཡང་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་པེ་སོགས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྨན་བཅོས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་2012ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་བརྟག་དཔྱད་དང་རོགས་སྐྱོབ་ལས་དོན་སྤེལ་ཞིང་། ལོ་6རིང་རིམ་རྩིས་བྱས་ན་ལྷོ་ཁ་གྲོང་ཁྱེར་གྱི་བྱིས་པ་224376ལ་རིན་མེད་བརྟག་དཔྱད་བྱས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་367ཡོད་པ་གཏན་འཁེལ་བྱས་པ་དང་། འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར་ནད་པ་246ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།