འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་སི་ཐ་ནའི་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་གི་ཀྲུང་གོའི་འགྲེམས་ཁང་ལ"འཛམ་
    གླིང་དངོས་མང་སྟོན་ཚོགས་བྱ་དགའི"དངུལ་གྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨ་སི་ཐ་ནའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ་རེད། ཀྲུང་གོའི་འགྲེམས་ཁང་ལ་Aརིགས་འགྲེམས་ཁང་གི་བརྗོད་དོན་གཙོ་བོའི་རྣམ་འབྱེད་རིགས་ཀྱི“འཛམ་གླིང་དངོས་མང་སྟོན་ཚོགས་བྱ་དགའི”ནང་གི་དངུལ་གྱི་བྱ་དགའ་ཐོབ་པ་རེད། འདི་ནི་2012ལོའི་ཧན་གོའི་ལི་ཧྲུའེ་འཛམ་གླིང་དངོས་མང་སྟོན་ཚོགས་དང་2015ལོའི་དབྱི་ཐ་ལིའི་སྨི་ལན་འཛམ་གླིང་དངོས་མང་སྟོན་ཚོགས་རྗེས་ཀྲུང་གོའི་འགྲེམས་ཁང་ལ་སླར་ཡང་བྱ་དགའ་གལ་ཆེན་ཐོབ་པ་ཞིག་རེད།
         འགྲན་རྩོད་བྱས་པ་བརྒྱུད་ཀྲུང་གོའི་འགྲེམས་ཁང་དེ་རྒྱལ་ཁབ་ཀྱི་འགྲེམས་ཁང་115དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགྲེམས་ཁང་22ནང་ནས་འབུར་དུ་ཐོན་ཏེ་རིན་ཐང་ཆེ་ཤོས་ལྡན་པ་དང་འགྲན་རྩོད་དྲག་པོ་ཡོད་པའི་Aརིགས་འགྲེམས་ཁང་གི་བརྗོད་དོན་གཙོ་བོའི་རྣམ་འབྱེད་རིགས་ཀྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད། དེའི་ནང་འཇར་མན་གྱི་འགྲེམས་ཁང་ལ་གསེར་གྱི་བྱ་དགའ་ཐོབ་པ་རེད།
         འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་ལ་སྐྲུན་དངོས་ཀྱི་རྒྱ་ཁྱོན་དང་མ་དངུལ་གཏོང་འབོར་སོགས་གཞིར་བཟུང་A B C Dབཅས་རིགས་བཞི་ལ་ཕྱེ་ཡོད། རིགས་ཁག་གི་འགྲེམས་ཁང་ལ་དམིགས་སུ་བྱ་དགའ་ཁེར་རྐྱང་བཟོས་པ་དང་དེའི་ནང་Aརིགས་འགྲེམས་ཁང་གི་བྱ་དགའ་ནི་འཛམ་གླིང་དངོས་མང་སྟོན་ཚོགས་སྐབས་རིམ་བྱུང་ཐོག་དོ་སྣང་ཆེ་ཤོས་བྱེད་པ་དང་འགྲན་རྩོད་དྲག་པོ་ཡོད་པའི་བྱ་དགའ་ཞིག་ཡིན།
        ད་ཐེངས་ཀྱི“འཛམ་གླིང་དངོས་མང་སྟོན་ཚོགས་བྱ་དགའི”དཔྱད་འདེམས་ཨུ་ལྷན་ནི་ཨ་རི་དང་། རི་པིན། ཏེན་མག ཧ་སག་སི་ཐན་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་9ལས་གྲུབ་པ་དང་བྱ་དགའི་རིགས་ལ་གསར་གཏོད་འགྲེམས་སྟོན་དང་བརྗོད་དོན་གཙོ་བོའི་རྣམ་འབྱེད་རིགས་གཉིས་ཡོད། སྐབས་འདིར་Aརིགས་ཀྱི་བྱ་དགའ་དཔྱད་འདེམས་ནང་ཞུགས་མཁན་ཚང་མ་ནི་སྐྲུན་དངོས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་700ཡན་ཟིན་པའི་རྒྱལ་ཁབ་ཀྱི་འགྲེམས་ཁང་ཡིན་པ་དང་འགྲན་རྩོད་ནང་ཞུགས་མཁན་གྲས་སུ་འཇར་མན་དང་། ཨུ་རུ་སུ། རི་པིན། སི་ཕེན། ཧན་གོ ཧྥ་རན་སེ། ཨ་རི་སོགས་རྒྱལ་ཁབ་18ཡོད།
      

    ཕྱོགས་བསྡུས་གསར་འགྱུར།