འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོས་ལུའོ་ཧྲན་ཅིར་འཚམས་འདྲི་བྱ་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་རེ་ཞུ་ཨུ་ལྷན་གྱིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོས་ལུའོ་ཧྲན་ཅིར་འཚམས་འདྲི་བྱ་རྒྱུ་ཡོངས་བསྒྲགས་བྱས་པ་རེད།
        ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་རེ་ཞུ་ཨུ་ལྷན་གྱིས་ཉིན་དེར་གསལ་བསྒྲགས་སྤེལ་བའི་ནང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཕེ་རུའི་རྒྱལ་ས་ལི་མར་འཚོགས་པའི་ཚང་འཛོམས་ཚོགས་འདུ་ཐེངས་131གྲོལ་རྗེས་པཱ་ཧོས་ཚེས་17དང་ཚེས་18ཉིན་ལུའོ་ཧྲན་ཅིར་འཚམས་འདྲི་བྱ་རྒྱུ་ཡིན་པ་བརྗོད་ཡོད། ད་རེས་ཀྱི་ཚང་འཛོམས་ཚོགས་འདུའི་ཐོག་2024ལོ་དང་2028ལོའི་སྐབས་གཉིས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་ཡུལ་གྱི་གྲོང་ཁྱེར་དུས་གཅིག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།