འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྱིས"ཡུལ་སྐོར་དང་ཚན་རྩལ"མཉམ་འདྲེས་འཕེལ་རྒྱས་གཏོང་
    སྟངས་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་སི་ཁྲོན་ཞིང་ཆེན་ཚན་རྩལ་ཐིང་གིས་《སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་ཕྱོགས་སྟོན་ལམ་སྲོལ་》དང་《ཞིང་ཆེན་རིམ་པའི་ཚན་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་གཏོད་པའི་མིང་ཐོ་ཁག་དང་པོ་》མཉམ་དུ་ཁྱབ་བསྒྲགས་བྱས་ཏེ་སི་ཁྲོན་ཡུལ་སྐོར་ལས་རིགས་སུ“ཡུལ་སྐོར་དང་ཚན་རྩལ”མཉམ་འདྲེས་ཀྱི་འཕེལ་ཕྱོགས་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད།
         《སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལས་རིགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་ཕྱོགས་སྟོན་ལམ་སྲོལ་》ནང་སྤྲིན་ཚོགས་རྩིས་རྒྱག་དང་། གྲངས་གཞི་ཆེ་མོ། ཟོག་འབྲེལ་དྲ་བ། མི་ཐབས་རིག་ནུས་བཅས་དང་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། གྱོན་པ་དང་འདོགས་ཐུབ་པའི་རིག་ནུས་སྒྲིག་ཆས་སོགས་རིགས་ཆེན་པོ་ལྔའི་ལག་རྩལ་གསར་པ་21ཚུད་ཡོད་ཅིང་། དེའི་དམིགས་ཡུལ་ནི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་བཀོལ་སྤྱོད་བྱ་རྒྱུ་ཉིད་སི་ཁྲོན་ཡུལ་སྐོར་འཕེལ་རྒྱས་གསར་གཏོད་ཀྱི་སྒུལ་ཤུགས་དང་གཙོ་གནད་དུ་བརྩི་རྒྱུ་དེ་རེད། ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞི་དང་། དབུན་ཁྲོན་དབྱིང་ཤིའུ་གེགས་འགོག་གེགས་སེལ་ཚན་རིག་ཁྱབ་གདལ་རྟེན་གཞི། ཤིས་ཁྲང་སྲུང་སྐར་འཕེན་གཏོང་རྟེན་གཞིའི་མཛེས་ལྗོངས་ཁུལ་སོགས་ཚན་པ་10ཞིང་ཆེན་རིམ་པའི་ཚན་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོར་གྱུར་ནས་ཡུལ་སྐོར་དང་ཚན་རྩལ་མཉམ་འདྲེས་སྔོན་དུ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
        2016ལོར་སི་ཁྲོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་6.3ལ་སྣེ་ལེན་ཞུས་ཤིང་། སི་ཁྲོན་ཡུལ་སྐོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིས་མཐོ་གསར་ལག་རྩལ་ལ་བརྟེན་ནས་དྲི་ངན་དང་། སྦགས་བཙོག འབུད་སྐྱུར་བཅས་མེད་པའི་ཆུ་གྲོན་ཆུང་ཐུབ་ཚད་99%ཟིན་པའི་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་ཞིབ་འཇུག་གསར་སྤེལ་བྱས་པ་རེད། མིག་སྔར་ཡུལ་སྐོར་བས་སི་ཁྲོན་དུང་དཀར་ལུང་ཤུར་གྱི་མཛེས་ལྗོངས་ཁུལ་དང་། པ་ཀྲུང་ཨེན་དབྱང་གནའ་གྲོང་། དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་གི་མཛེས་ལྗོངས་ཁུལ། འདབ་པའི་ཉི་བརྟེན་མཛེས་ལྗོངས་ཁུལ་བཅས་སུ་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་སྤྱོད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།