འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས"ཀྲུང་གོའི་སྒོ་འབྱེད་ཉིན་
    མོ"ཞེས་པའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས“ཀྲུང་གོའི་སྒོ་འབྱེད་ཉིན་མོ”ཞེས་པའི་བྱེད་སྒོ་སྤེལ་ཞིང་། ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་རིག་གནས་མྱོང་རོལ་དེ་ལས་ཡོ་རོབ་དམངས་ཚོགས་ཀྱིས་ཉེ་འགྲམ་ནས་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་ཡོད།
         ཉིན་དེའི་བྱེད་སྒོས་ཡོ་རོབ་ཀྱི་ལས་རིགས་ཁག་གི་མི་སྣ་800ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད། སྐུ་མགྲོན་ཚོས་སྤྲོ་སྣང་ཆེན་པོས་སེང་རྩེད་དང་། གདོང་འབག་འགྱུར་བ། རྩལ་རྩེད། བྱིས་པའི་ཀང་ཆིན་རྐྱང་དཀྲོལ། བྱིས་པའི་རོལ་ཆ་རྐྱང་དཀྲོལ། རླུང་སྒོམ་དྲག་རྩལ། ཐའེ་ཅི་དྲག་རྩལ་སོགས་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་ཇའི་རིག་གནས་དང་། ཡིག་གཟུགས། སྐམ་ཁབ་བཅས་མྱོང་རོལ་བྱེད་དུ་བཅུག་པ་དང་ཀྲུང་གོའི་ཞིམ་ཟས་ཀྱི་བྲོ་བ་མྱོང་དུ་བཅུག་པ་རེད།
         ཡོ་རོབ་མནའ་འབྲེལ་ཨུ་ལྷན་དུ་ལས་ཀ་བྱེད་བཞིན་པའི་དབྱི་ཐ་ལིའི་བུ་མོ་ཕཱ་ཤིས་ནང་ཚང་བྱེད་སྒོར་གདན་དྲངས་པ་རེད། ཁོང་ཚོ་པེ་ཅིང་དང་། ཤང་ཀང་། ཀུའེ་ལིན་སོགས་སུ་འགྲོ་མྱོང་ཡོད་པས་ཀྲུང་གོར་ཆ་རྒྱུས་མེད་པ་ཞིག་མིན། ཕཱ་ཤིས་ཀྱིས་སྒོ་འབྱེད་བྱེད་སྒོ་དང་ལྷག་པར་དུ་སྐམ་ཁབ་ཀྱིས་ངའི་ནང་ཚང་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་བཤད། ཕཱ་ཤིས་ཀྱི་ལོ་9ལ་སླེབས་པའི་བུ་ཕཱ་སང་ཐེས་ཀྲུང་གོའི་དྲག་རྩལ་ལ་ཧ་ཅང་དགའ་པོ་བྱེད་པ་དང་རླུང་སྒོམ་དང་ཐའེ་ཅི་དྲག་རྩལ་འཁྲབ་སྟོན་བྱེད་སྐབས་ཕཱ་སང་ཐེས་འཁྲབ་སྟོན་པའི་ཆ་ལུགས་ལ་ལད་མོ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།