འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ཀྱི་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་ཧྥི་ལི་
    ཕིན་དུ་འཚོགས་པ།

     ཀྲུང་གོས་ཨེ་ཤེ་ཡ་ཤར་མའི་ས་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ཀྱི་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་ཐེངས་ལྔ་པ་ཧྥི་ལི་ཕིན་གྱི་མ་ནི་ལར་འཚོགས་པ་རེད། ཀྲུང་གོ་ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་གྱིས་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཨེ་ཤེ་ཡ་ཤར་མའི་ས་ཁོངས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཕན་འབྲས་ཐོན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད།
         ཚོགས་འདུའི་ཐོག ཀྲུང་ཧྲན་གྱིས་སྤེལ་བའི་གཏམ་བཤད་ནང་འདི་ལོ་ནས་བཟུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྣང་ཚུལ་ལེགས་པོ་ཐོན་པ་སྟེ། དཔལ་འབྱོར་དངོས་ཚན་གཙོ་བོའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་པ་དང་། ཁྲོམ་རའི་ཡིད་ཆེས་རིམ་བཞིན་ཆེ་རུ་ཕྱིན་པ། གོ་ལ་ཧྲིལ་པོའི་ཚོང་དོན་སླར་གསོ་ཐུབ་པ་བཅས་དང་། ལྷག་པར་དུ་གསར་དར་དཔལ་འབྱོར་དངོས་ཚན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གསོན་ཤུགས་ཆེ་རུ་ཕྱིན་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་3.5%བར་མཐོ་རུ་བཏང་ཡོད་མོད། འོན་ཀྱང་འཛམ་གླིང་དཔལ་འབྱོར་ཁྲོད་གདིང་རྩའི་གནད་དོན་ཐག་གཅོད་ཐུབ་མེད་པར་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོ་སྔར་བཞིན་འཕྲད་ཀྱི་ཡོད་ཅེས་བཤད་པ་རེད།
         ཀྲུང་ཧྲན་གིས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གལ་ཆེན་ཡིན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཁོངས་མི་གལ་ཆེན་ཡང་ཡིན། ཀྲུང་གོ་འཕེལ་རྒྱས་གཏོང་བའི་བྱ་བ་ཡག་པོ་སྒྲུབ་པ་ནི་འཛམ་གླིང་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་དང་གཉིས་སུ་མེད། འདི་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་ལོ་སྟོད་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ལེགས་པ་བྱུང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.9%འཕར་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2འཕར་བ་དང་། ཟོག་གོང་སྤྱིར་ན་བརྟན་པོ་ཡིན་པ། རྒྱལ་སྤྱིའི་གཏོང་ཡོང་གནས་ཚུལ་ལེགས་པ། ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་ཁྲི་3ཡན་རྒྱུན་འཁྱོངས་བཅས་བྱུང་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྟན་པོའི་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།
         ཀྲུང་ཧྲན་གྱིས་འདི་ལོའི་ཟླ་བ་ལྔ་པར་ཀྲུང་གོས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་འཚོགས་པ་དང་རྒྱལ་ཁབ་140ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་80ལྷག་ཙམ་གྱི་སྐུ་ཚབ་གླེང་སྟེགས་ནང་ཞུགས་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཐོག་བཞེད་དོན་གཙོ་བོའི་གསུང་བཤད་གནང་ནས་2018ལོ་ནས་བཟུང་ཀྲུང་གོར“ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས”གཉེར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད། མིག་སྔར་ཀྲུང་གོ་ཚོང་དོན་པུས་དུས་ཚོད་དམ་འཛིན་གྱིས་གྲ་སྒྲིག་བྱེད་བཞིན་ཡོད་པས་རྒྱལ་ཁབ་ཁག་དེའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།