འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་སྔ་སྣུར་དུ་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་11ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་སྔ་སྣུར་དུ་ཨང་དང་པོ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན། རྒྱལ་སྤྱིའི་བུ་མེད་ཀྱི་ཕའེ་ཆིའུ་སྤོ་ལོ་རྟིང་རྩོད་འགྲན་བསྡུར་གྱི་འགྲན་བསྡུར་ཉིན་4པ་མཇུག་སྒྲིལ་བ་དང་། ཨ་རི་དང་ཉི་ཧོང་གི་སྐར་གྲངས་སོ་སོ་ནི་3:2ཡིན་པ་ལས་ཨ་རི་རྒྱལ་བ་དང་བསྟུན་ནས། ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་ཉིན་གཅིག་གི་སྔ་སྣུར་དུ་ཨང་དང་པོ་བླངས་པ་རེད།
         ཉིན་དེར། ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་དང་ཨུ་རུ་སུའི་རུ་ཁག་གི་སྐར་གྲངས་སོ་སོ་ནི་3:0ཡིན་པ་ལས་ཀྲུང་གོ་རྒྱལ་ཞིང་། དེ་རྗེས། པར་ཙིར་དང་ལྷོ་ཁོ་རེ་ཡ་ཡི་འགྲན་ཚད་སྐར་གྲངས་སོ་སོ་ནི་3:0ཐོག་ནས་ལྷོ་ཁོ་རེ་ཡ་ཕམ་པ་དང་། ཨ་རི་དང་ཉི་ཧོང་བར་གྱི་བསྡུར་གྲངས་ནི་3:2ཡིན་པ་དང་། དེའི་བར་དུ། ཀྲུང་གོའི་རུ་ཁག་གིས་བསྟུད་མར་ཐེངས་བཞི་རྒྱལ་བའི་མཇུག་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་རེད། ཨ་རིས་ཐེངས་3རྒྱལ་ཞིང་ཐེངས་1ཕམ་པ། པ་ཙིར་དང་ཉི་ཧོང་གིས་ཐེངས་2རྒྱལ་ཞིང་ཐེངས་2ཕམ་པ། ཨུ་རུ་སུ་ཐེངས་1རྒྱལ་ཞིང་ཐེངས་3ཕམ་པ་རེད། ལྷོ་ཁོ་རེ་ཡ་ཐེངས་4པོ་ཚང་མ་ཕམ་པ་རེད།
         བུད་མེད་ཀྱི་རྟིང་རྩོད་འགྲན་བསྡུར་ནི་རེས་འཁོར་རྐྱང་པའི་འགྲན་སྲོལ་ལག་བསྟར་བྱས་ཤིང་། ཀྲུང་གོའི་རུ་ཁག་གིས་ཐེངས་4པོ་ཚང་མ་རྒྱལ་བ་དང་སྐར་གྲངས་11ཐོབ་པ། ཨ་རིའི་རུ་ཁག་ལ་སྐར་གྲངས་7ཐོབ་པ་རེད། དེར་བརྟེན། མཐའ་མཇུག་གི་རྟིང་རྩོད་འགྲན་བསྡུར་གྱི་ཉིན་ལ་ཨ་རིས་འགྲན་ཐེངས་ཚང་མ་རྒྱལ་ནས་སྐར་གྲངས་3ཐོབ་ཀྱང་། ཀྲུང་གོའི་རུ་ཁག་ལས་རྒྱལ་ཐུབ་ཀྱི་མེད་པ་རེད། 
         ཐེངས་འདིར་ཀྲུང་གོའི་རུ་ཁག་གིས་ལོ་16འགོར་རྗེས་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོ་རུ་ཁག་གི་ཨང་དང་པོ་བླངས་པ་རེད། བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོ་རུ་ཁག་ནི་1993ལོ་ནས་འགྲན་འགོ་བཙུགས་པ་དང་། ལོ་བཞི་རེར་ཐེངས་རེ་སྤེལ་གྱི་ཡོད་པ་རེད། ད་ལོ་ནི་སྐབས་བདུན་པ་ཡིན་པ་དང་། ཀྲུང་གོའི་བུད་མེད་ཀྱི་ཕུའེ་ཆིའུ་སྤོ་ལོ་རུ་ཁག་གིས་སྔོན་ཆད་སྐབས་བཞི་བའི་ནང་ཞུགས་མྱོང་ཞིང་། 2001ལོར་ཨང་དང་པོ་ཐོབ་ཡོད་པ་རེད། ཡིན་ནའང་། 2009ལོ་ནས་2013ལོའི་བར་ལ་ཨ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་མ་ཐོབ་པའི་དབང་གིས་འགྲན་བསྡུར་ནང་ཞུགས་མ་ཐུབ་པ་རེད།
    ༄༅།།ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་སྔ་སྣུར་དུ་ཨང་དང་པོ་བླངས་པ།
    ༄༅།།ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་སྔ་སྣུར་དུ་ཨང་དང་པོ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།