འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་སྲོལ་སྲིད་གཙང་གི་གདེང་འཇོག་སྟོན་གྲངས"བསྟུད་མར་ཐེངས་བཅུ་འཕར"ཞིང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་11ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2011ལོ་ནས་བཟུང་། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྤྱི་ཚོགས་གདེང་འཇོག་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་བ་དང་། ལོ་རེའི་ལོ་དཀྱིལ་དང་ལོ་མཇུག་
    ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྤྱི་ཚོགས་གདེང་འཇོག་གི་བརྟག་དཔྱད་ཐེངས་གཉིས་བྱེད་ཀྱི་ཡོད། 2016ལོའི་ལོ་འཁོར་དུ་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྤྱི་ཚོགས་
    གདེང་འཇོག་སྟོན་གྲངས་84.81ཡིན་པ་དེ་དུས་མཚུངས་ལས་0.31འཕར་ནས“བསྟུད་མར་ཐེངས་བཅུ་འཕར”ཡོད་པ་རེད།
         སི་ཁྲོན་གྱིས་བཙུགས་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྤྱི་ཚོགས་གདེང་འཇོག་དམིགས་ཚད་མ་ལག་ནང་མཐོང་ཆེན་བྱེད་ཤུགས་དང་། བཀག་འགོག་བྱེད་ཚད། སྤྱོད་གཙང་ལྡན་ཚད། ཡིད་ཆེས་བྱེད་ཚད་བཅས་ཀྱི་དམིགས་ཚད་རིམ་པ་དང་པོ་4དང་དམིགས་ཚད་རིམ་པ་གཉིས་པ་15བཀོད་སྒྲིག་བྱས་ནས་ཕྱོགས་གསུམ་པའི་ཆེད་ལས་དམངས་དོན་འདུམ་འགྲིག་སྒྲིག་གཞི་ཡིན་པའི་ཞིང་ཆེན་བསྡོམས་རྩིས་ཅུས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་བརྟག་དཔྱད་ལྟེ་གནས་ཀྱི་ཞིབ་ཕྲ་ལག་ལེན་བསྟར་ཏེ་སྐབས་བསྟུན་ངང་མང་ཚོགས་བདམས་ནས་ཡུལ་དེ་གའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ལ་སྐར་གྲངས་དཔྱད་བསྡུར་དང་དབང་སྣོན་རྩིས་རྒྱག་བརྒྱུད་སྐར་གྲངས་བརྒྱ་ཡིན་པའི་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་སྟོན་གྲངས་ཤིག་ཆགས་ཡོད། ཁྲུང་ཀྲོའུ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཀྲང་ཕུང་ལ་དེ་སྔ་གདེང་འཇོག་ཁ་པར་གྱི་འདྲི་ཤོག་འབྱོར་མྱོང་ཡོད། ཁོང་གིས“རྒྱུན་དུ་ཡུལ་དེ་གའི་སྨྱན་སྦྱོར་ཐོག་ནས‘སྤྱོད་ཚུལ་བཞི’ལ་ངོ་རྒོལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བརྡ་ཁྱབ་མཐོང་གི་འདུག དེ་ཐོག་ནས་ངས་ཏང་དང་སྲིད་གཞུང་གིས་རུས་སུངས་ལ་ཆད་གཅོད་བྱེད་པའི་ཆོད་སེམས་ཚོར་བྱུང”ཞེས་བཤད།
         གདེང་འཇོག་འབྲས་བུ་ཡོད་ཀྱང་མི་འགྲིག་པར་བེད་སྤྱོད་གང་ལེགས་བྱ་རྒྱུ་ནི་འགག་རྩ་རེད། སི་ཁྲོན་གྱིས་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྤྱི་ཚོགས་གདེང་འཇོག་གི་ལོ་འཁོར་གྱི་འབྲས་བུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནང་འཇུག་རྒྱུ་མ་ཟད། བཟུང་བའི་སྐར་གྲངས་30%ལས་མི་ཉུང་བ་བྱ་རྒྱུ་རེད། སྤྱི་ཚོགས་གདེང་འཇོག་འགོ་བཙུགས་ཚུན་གྲོང་ཁྱེར(ཀྲོའུ)4དང་རྫོང(གྲོང་ཁྱེར་དང་ཆུས)12ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་ཁོངས་མིར་ལོ་གཅིག་ནང་སྔོན་ཐོན་དང་ཕུལ་བྱུང་གདེང་འཇོག་བྱེད་པའི་ཐོབ་ཐང་མེད་པ་བཟོས་ཡོད། ཕྱོགས་བསྡུས་མིང་གྲལ་མཇུག་ཤོས་ཀྱི་གྲོང་ཁྱེར(ཀྲོའུ)དང་མིང་གྲལ་མཇུག་ནས་རྩིས་པའི་ཨང་གསུམ་པའི་རྫོང(གྲོང་ཁྱེར་དང་ཆུས)ལ་ཡུལ་དེ་གའི་ཏང་སྲིད་འགོ་ཁྲིད་གཙོ་བོར་ཡིག་སྤྲིངས་གསལ་བཤད་ཀྱིས་ལེགས་བཅོས་བསམ་འཆར་འདོན་དགོས་པ་དང་འབྲེལ་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་དེ་གའི་ས་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཐད་ཀྱི་མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་། ཞན་ཆའི་ལྷུ་ཚིགས་འཚོལ་བ། གནད་དོན་གྱི་རྩིས་ཁྲ་འཛུགས་པ། བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ། རིམ་པ་བཞིན་བཅོས་སྒྲིག་ཐག་གཅོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།