འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།"བཅའ་ཁྲིམས་ཁྱབ་གདལ་བདུན"གྱི་རྒྱུན་རྣམ་ཅན་ལས་ཁྲིམས་སྐྱོང་རྨང་གཞི་སྔར་བས་
    བརྟན་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་11ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རྔ་པ་རྫོང་ཀིརྟི་དགོན་དུ་སྐྱོད་སྐབས། དང་ཐོག་མིག་ལམ་དུ་འཆར་བ་ནི་རྒྱ་བོད་ཡིག་རིགས་གཉིས་ཀྱི་པར་རིས་བར་དུ་བཅུག་པའི་་ཁྲིམས་སྐྱོང་བྱང་བུ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སྒྲོམ་ཡིན། དགོན་སྡེའི་བཅའ་ཁྲིམས་དཔེ་དེབ་ཁང་གི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཀློག་དེབ་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོས་རིན་མེད་ངང་གཡར་ཆོག རྔ་པ་ཀྲོའུ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ནོར་དཀྱིལ་གྱིས་བཅའ་ཁྲིམས་དགོན་སྡེར་ཁྱབ་གདལ་གཏོང་རྒྱུ་ནི་སི་ཁྲོན་བོད་རིགས་ས་ཁུལ་ཁྲིམས་ལྟར་རྒྱུན་རྣམ་ཅན་བཅོས་སྒྲིག་ལས་དོན་གྱི་ནང་དོན་གལ་ཆེན་ཡིན་པས། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དེའི་ཐད་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་ཀློག་དེབ། བཅའ་ཁྲིམས་དྲིལ་བསྒྲགས་བྱ་ཡུལ། བཅའ་ཁྲིམས་ཞབས་ཞུ་མཉམ་སྤེལ་བཅས་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྐོར་སྐྱོད་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་དང་། དེ་བཞིན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་དང་། བཅའ་ཁྲིམས་ཁྱབ་གདལ་ཀློག་དེབ།
         ཁྲིམས་སྐྱོང་དྲིལ་བསྒྲགས་སྒྲོམ། བཅའ་ཁྲིམས་དཔེ་དེབ་ཁང་། བཅའ་ཁྲིམས་གསལ་ཤེས་མི་སྣ། བཅའ་ཁྲིམས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་སོགས་བཀོད་སྒྲིག་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།
         ཉེ་བའི་ལོའི་ནང་། སི་ཁྲོན་གྱིས་བཅའ་ཁྲིམས་ལས་ཁུངས་དང་། ཚན་པ། ཁེ་ལས། སློབ་གྲྭ གྲོང་གསེབ། སྡེ་ཁུལ། དགོན་སྡེ་བཅས་སུ་ཁྱབ་གདལ་བཏང་ནས་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་སྟེ་ཁྲིམས་བཀུར་དང་། ཁྲིམས་ཤེས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུ་དེ་གོམས་གཤིས་སུ་འགྱུར་བ་བྱས་པ་རེད།
         ནེ་ཅང་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཆང་གིས་ཁྲིམས་སྐྱོང་འདུ་ཤེས་བོད་རིགས་ས་ཁུལ་དུ་གཞི་ཚུགས་བཞིན་པ་དངོས་སུ་ཚོར་གྱི་འདུག ཕྱིར་ལས་མི་བྱེད་པར་སྐྱོད་པའམ་ཡང་ན་རང་ཉིད་ཀྱི་ཁང་པ་ཉམས་བཟོ་བྱེད་པ་སོགས་གང་ཡིན་རུང་བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོས་རང་འགུལ་ངང་ང་ཚོའི་སར་བློ་འདྲི་བྱེད་པར་ཡོང་གི་ཡོད་ཅེས་བཤད།
         ར་རྔ་ཁལ་གྲོང་རྡལ་དུ་ས་མཐོའི་ཁྱད་ལྡན་སྣོད་བཅུད་ཡུལ་སྐོར་གྲོང་རྡལ་ཚོམ་བུ་འཛུགས་སྐྲུན་བྱེད་བཞིན་པ་དང་ཁྲིམས་འགལ་གྱི་སྐྲུན་དངོས་བཅོས་སྒྲིག་བྱ་རྒྱུའི་འཆར་གཞི་འགོད་ཟིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དར་མདོ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་དེ་མུར“ཚལ་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་སྟེ་་མང་ཚོགས་ཀྱིས“ཚལ་ཐོ”མངགས་པ་དང་། ཤང་གྲོང་གིས“ཚལ་ཐོ”བཤེར་བ། བཅའ་ཁྲིམས་དྲིལ་བསྒྲགས་ཀྱིས“ཚལ་ཐོ”ཀློག་པ་བཅས་བྱེད་ཀྱི་ཡོད། ར་རྔ་ཁ་གྲོང་རྡལ་ཤིན་དབྱི་གྲོང་ཚོའི་གྲོང་མི་ཟླ་བས་སྒྲོག་འགྲེལ་མི་སྣས་བཅའ་ཁྲིམས་སྲིད་ཇུས་འགྲེལ་བཤད་གསལ་གསལ་ཐིང་ཐིང་བརྒྱབ་པས་རང་ཉིད་མོས་པ་ཆེན་པོ་བྱུང་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།