འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གྲགས་ཅན་དགེ་རྒན་བརྒྱད་བརྒྱ་བོད་དུ་སློབ་སྐྱོར་ལ་ཡོང་ནས་གངས་ལྗོངས་སུ་སློབ་སྐྱོར་གླུ་
    དབྱངས་བརྩམས།

    “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་གྱིས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་གྲོང་ཁྱེར་ཅང་ཀྲེན་སློབ་འབྲིང་གི་དགེ་རྒན་ཞུས་མེ་ཧོ་ཡི་དབྱིན་ཡིག་སློབ་ཚན་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་སློབ་ཚན་ཉན་བཞིན་མཆིས།
           གནས་ཚུལ་དེ་ནི་ཧྲང་ཧའེ་རུ་མིན་པར་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་དབྱིན་ཡིག་སློབ་ཚན་འཚོག་ཡུལ་དུ་རེད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་བོད་ཀྱི་སློབ་མ་ཚོས་ཁྱིམ་གྱི་སྒོ་ཁར་ནང་སའི་གྲགས་ཅན་སློབ་གྲྭ་དང་དགེ་རྒན་གྱི་སློབ་ཚན་ཉན་རྒྱུ་བྱུང་ཡོད།
         ཚོགས་སྒྲིག་སློབ་སྐྱོར། སློབ་གསོའི་བོད་སྐྱོར་གྱིས་བོད་དུ“གྲགས་ཅན་སློབ་གྲྭ”བཙུགས་པ།
        ན་ནིང་སློབ་གསོ་པུའུ་སོགས་པུའུ་ཨུད་ཀྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་གཏན་འབེབས་བྱས་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དུས་བཀག་ལྟར་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་ནས་བདམས་པའི་དགེ་རྒན་800ཙམ་བོད་དུ་སློབ་སྐྱོར་བྱེད་པར་མངགས་པ་དང་དགེ་རྒན་10ནས་50བར་ལས་གྲུབ་པའི་ཚོགས་པས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གཅིག་ལ་གཅིག་སྡུད་ཁ་གཏད་རོགས་སྐྱོར་བྱས་པར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁྱོན་བོད་ཀྱི་སློབ་གྲྭ་འབྲིང་ཆུང་20ལ་རོགས་སྐྱོར་བྱས་པ་རེད།
          བྱ་ཐབས་གསར་པ་དེས་སྔོན་ཆད་ཀྱི་སློབ་གསོའི་བོད་སྐྱོར་གྱི་དུས་ཐུང་རོགས་སྐྱོར་ལམ་སྲོལ་ལ་འགྱུར་ལྡོག་བཏང་ནས་ལོ་3དུས་འཁོར་གཅིག་ཏུ་བརྩིས་ཏེ་སྔོན་ཆད་ཀྱི་ཁ་ཐོར་རྣམ་པའི་རོགས་སྐྱོར་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་སྐྲུན་རོགས་བྱེད་པར་འགྱུར་ལྡོག་བཏང་ནས་སློབ་གྲྭ་གཞན་དག་གི་སློབ་གཉེར་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད། དུས་མཚུངས་ལོ་ལྟར་བོད་ཀྱི་བུ་བཅོལ་ཁང་དང་། སློབ་གྲྭ་འབྲིང་ཆུང་། འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་ནས་རྐང་འཛིན་དགེ་རྒན་དང་སློབ་གྲྭའི་དོ་དམ་ལས་བྱེད་པ་400བདམས་ཏེ་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭར་ལས་བསྟུན་སློབ་སྦྱོང་དང་། གནས་སྦྱར་སྦྱོང་བརྡར། གཅིག་སྡུད་གསོ་སྦྱོང་བཅས་བྱས་པ་རེད།
          རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཏུའུ་ཅན་ཀུང་གིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ནི་བོད་ཀྱི་ས་ཆ་དེ་གའི་སློབ་གསོ་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ལ་ཁ་གསབ་ནུས་ལྡན་བྱས་པ་ཞིག་ཡིན་ཞིང་། དེ་ལག་བསྟར་བྱས་ནས་ལོ་གཅིག་སོང་ཚུན་གཡུར་ཟའི་གྲུབ་འབྲས་ཐོབ་ནས་བོད་ཀྱི་སློབ་གསོའི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད་ཅེས་བཤད།
          ཕྱོགས་མང་ཤུགས་སྒྲིལ། བོད་ཀྱི་སློབ་གསོའི་རང་བརྟེན་འཇོན་ཐང་ཆེ་རུ་ཏན་ཏིག་ཕྱིན་པ།
          བོད་དུ་སླེབས་རྗེས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་དཔུང་ཁག་གིས་ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས་རྒྱང་ཁྲིད་བརྙན་ལམ་སློབ་ཁྲིད་བྱས་པ་དང་ནང་སའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱས་ཡོད། དུས་མཚུངས་དགེ་སློབ་དབར་ཆ་སྒྲིག་གིས་བརྒྱུད་རོགས་ཁྲིད་གསུམ་བྱས་པ་དང་སློབ་གསོ་གཤམ་སྤེལ་སོགས་བྱེད་སྟངས་ལ་བརྟེན་ནས་བོད་ཀྱི་སློབ་གསོའི་རང་བརྟེན་འཇོན་ཐང་སྐྱེད་སྲིང་བྱས་པ་རེད།
           ཧྲང་ཧའེ་ཡི་སློབ་གསོའི་བོད་སྐྱོར་རུ་སྣེ་འཁྲིད་མཁན་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་སློབ་སྤྱི་ཕུའུ་ཤིན་གྱིས་སློབ་གྲྭ་དེས་རྒྱང་ཁྲིད་སློབ་གསོའི་ཞིབ་འཇུག་ལས་སྟེགས་སྐྲུན་བཞིན་ཡོད་པས། ཧྲང་ཧའེ་ཡི་གྲགས་ཅན་སློབ་གྲྭ་དང་དགེ་རྒན་གྱི་སློབ་ཁྲིད་ཐོན་ཁུངས་མི་རིང་བར་མཉམ་སྤྱོད་ཐུབ་རྒྱུ་རེད། དུས་མཚུངས་སློབ་གྲྭ་དེས་སྣེ་འཁྲིད་ཅིང་། ཆུས་གཅིག་དང་རྫོང་ལྔའི་སློབ་གྲྭ་10ལ་ཁྱབ་པའི“གཞིས་རྩེ་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སྤུས་ལེགས་སློབ་གྲྭའི་མཉམ་ལས་མནའ་འབྲེལ”འཛུགས་རྒྱུ་ཡིན་པ་དེར་བརྟེན་ནས་རྫོང་དང་ཤང་སློབ་ཆུང་ཚང་མས་ཧྲང་ཧའེ་ཡི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          དུས་ཐུང་ལོ་གཅིག་རིང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཞིང་། སློབ་མའི་ཡིག་རྒྱུགས་སྦྱངས་འབྲས་ནས་བལྟས་ཚེ་རོགས་སྐྱོར་འཐོབ་ཡུལ་གྱི་སློབ་གྲྭ་ཚང་མའི་སྦྱངས་འབྲས་ཆེས་ཆེར་འཕར་བ་སྟེ། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་དཀྱིལ་དང་སློབ་མཇུག་ཡིག་རྒྱུགས་ལ་བོད་སྐྱོར་དགེ་རྒན་གྱིས་ཁྲིད་པའི་འཛིན་གྲྭའི་སྦྱངས་འབྲས་མངོན་གསལ་དོད་པོས་ཡག་པ་ཡོད་པ་དང་། གྲོང་ཁྱེར་དེའི་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་འདི་ལོ་མཐོ་རྒྱུགས་ཀྱི་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་གི་ཚན་ཁག་གི་སྐར་མ་ཚད་ལོན་ཚད་དུས་མཚུངས་སུ་100%ཟིན་པ་རེད།
         བརྩེ་བ་བོད་བཅངས། བོད་སྐྱོར་དགེ་རྒན་གྱིས་བོད་ལ་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་འབུལ་བ།
         དགེ་རྒན་བརྒྱ་གྲངས་མང་པོ་བོད་དུ་ཡོང་ནས་བོད་ཀྱི་ས་གཞི་ཆེན་པོར་སློབ་གསོར་རོགས་སྐྱོར་བྱེད་པའི་གླུ་དབྱངས་བརྩམས་ཡོད།
          བོད་དུ་མ་གཏང་གོང་ཕུའུ་ཤིན་ནི་ཧྲང་ཧའེ་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཡིན་ཞིང་། ཨ་མ་དང་སྒྱུག་མོ་གཉིས་ཀ་ནད་པ་ཡིན་པ་མ་ཟད། ཁྱིམ་ལ་ད་དུང་ལོ་86ལ་སླེབས་པའི་རྨོ་བོར་ལྟ་རྟོག་བྱེད་དགོས་པའི་ཁར། བུ་མོ་སློབ་ཆུང་ལོ་རིམ་དང་པོ་འགྲིམ་བཞིན་ཡོད་པས་ཁྱིམ་མི་ཚང་མ་ཁོང་ལ་བརྟེན་དགོས་ཀྱི་ཡོད། ཡིན་ནའང་ནང་མིའི་རྒྱབ་སྐྱོར་འོག་ཁོང་གིས་བོད་སྐྱོར་ལས་འགན་དང་ལེན་ཞུས་པ་རེད།
          གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་ཁང་ནང་དགོང་མོའི་རང་སྦྱོང་ལ་ཧ་ལམ་དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་ངང་སློབ་མ་ཚོར་མཛུབ་ཁྲིད་བྱེད་པ་མཐོང་རྒྱུ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཧྲན་ཏུང་བོད་སྐྱོར་གྱི་དགེ་རྒན་45ལས་དགེ་རྒན་15ཡིས་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་འགན་འཁུར་བ་དང་ཞོགས་པ་ཆུ་ཚོད་བདུན་པར་སློབ་གྲྭར་བསྐྱོད་ནས་འཛིན་གྲྭར་དོ་དམ་བྱེད་པ་དང་། དགོང་མོ་ཆུ་ཚོད་10དང་སྐར་མ་30ལ་ཉལ་ཁང་དུ་ལོག་གི་ཡོད། དགེ་རྒན་ཚོས་གསོ་རླུང་མི་འདང་བ་དང་སྐམ་ཤས་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་པས་སློབ་མ་དང་ཁྱིམ་བདག་གི་འདེང་འཇོག་ཡག་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།