འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་སྲིད་ཇུས་གཉིས་ཀྱིས་མི་ཁྲི་1000ལྷག་ཙམ་ལ་
    ཕན་པ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། དམངས་སྲིད་པུས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་སྐྱོན་ཚབས་ཆེན་ཅན་གྱི་ནད་ཞབས་ཁ་གསབ་གཉིས་ཀྱི་སྲིད་ཇུས་རྫོང་དང་ཆུས་ཚང་མར་ཁྱབ་ཅིང་། ཁ་གསབ་ལམ་ལུགས་དེ་གཉིས་ཀྱིས་སོ་སོར་མི་ཁྲི་1031དང་ཁྲི་1073ཕན་པ་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། དམངས་སྲིད་པུའུ་དང་ཀྲུང་གོ་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་《དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་སྐྱོན་ཚབས་ཆེན་ཅན་གྱི་ནད་ཞབས་ཁ་གསབ་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་དམངས་སྲིད་པུའི་གཞུང་དོན་ཐིང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཐིང་གི་བརྡ་ཁྱབ་》བཏང་བའི་ནང་དུ། འཚོ་བའི་ཁ་གསབ་ཀྱི་ཚད་གཞི་ནས་བལྟས་ན། ཞིང་ཆེན་22ཀྱི་ཚད་གཞི་ཟླ་རེར་སྒོར་50ནས་80བར་ཡིན་པ་དང་། ཞིང་ཆེན་10ཡི་ཚད་གཞི་ཟླ་རེར་སྒོར་100ཟིན་པའམ་ཡང་ན་སྒོར་100ཡན་ཞིང་། ནད་ཞབས་ཁ་གསབ་ཀྱི་ཚད་གཞི་ནས་བལྟས་ན། ཞིང་ཆེན་18ཀྱི་ཚད་གཞི་ཟླ་རེར་སྒོར་50ནས་80བར་ཡིན་པ་དང་། ཞིང་ཆེན་14ཡི་ཚད་གཞི་ཟླ་རེར་སྒོར་100ཟིན་པའམ་ཡང་ན་སྒོར་100ཡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།