འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་གནམ་ཐང་གསར་པ་ཞུང་ཨན་དང་སྦྲེལ་མཐུད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་7ཉིན་མཇུག་འགྲིལ་བའི་སྐབས་དྲུག་པའི་པེ་ཅིང་གོ་ལ་ཧྲིལ་པོའི་མཛའ་གྲོགས་གནམ་ཐང་གི་ཙུང་ཚའེ་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གིས“ལྟེ་བ་གཉིས”ཀྱི་མཁའ་འགྲུལ་རྣམ་པ་སྔར་བས་གཏོད་རྒྱུ་ཡིན་ཞིང་། གནམ་ཐང་གསར་པ་བསྐྲུན་རྗེས་ཞུང་ཨན་ཁུལ་གསར་དང་སྦྲེལ་མཐུད་བྱས་ཏེ་རྒྱལ་སའི་གནམ་ཐང་གིས་རྒྱལ་སྤྱི་མིན་པའི་ལྟེ་བའི་བྱེད་ནུས་ཁ་འགྲེམ་རྒྱུ་ཡིན་པ་རེད།
           རྒྱལ་སའི་གནམ་ཐང་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཞུའེ་སུང་གིས་མིག་སྔར་པེ་ཅིང་གི་གནམ་ཐང་གསར་པ་འཛུགས་སྐྲུན་བདེ་བླག་བྱུང་བ་དང་། ས་ཆ་བསྡུ་ལེན་དང་བཤིག་སྤོའི་ལས་དོན་ལེགས་གྲུབ་བྱུང་བ་མ་ཟད། གནམ་གྲུ་སྒུག་སའི་ཐོག་ཁང་གི་གྲུབ་ཆ་གཙོ་བོའི་ཐོག་བཀབ་པ་དང་། དམིགས་འཛུགས་བར་ཁྱམས་ཁག་གི་གྲུབ་ཆ་གཙོ་བོ་ཚང་མ་ཡང་ལེགས་གྲུབ་བྱུང་ཡོད། ལས་གྲྭའི་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་308བཏང་བ་དེས་འཆར་གཞིའི་མ་འཇོག་བསྡོམས་འབོར་གྱི་39%བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།