འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་གྱིས་ཚད་གཞི་མ་ལོན་པའི“ཆུ་དཔོན”གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་འཚོགས་པའི་ཧུའུ་ནན་ཞིང་ཆེན་ཡོངས་ཀྱི“སྤྱི་ཁྱབ་ཆུ་དཔོན”གྱི་ཚོགས་འདུའི་ཐོག 《ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་དཔྱད་ཞིབ་བྱ་ཐབས་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ“ཆུ་དཔོན”ཚོར་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དཔྱད་ཞིབ་བྱས་འབྲས་དེ་གྲོང་ཁྱེར་དང་ཀྲོའུ་ཡི་ཏང་ཨུད་དང་སྲིད་གཞུང་གི་ལས་རྗེས་ལ་ཚོད་སྐོར་བྱེད་པའི་དམིགས་ཚད་མ་ལག་ནང་བཅུག་སྟེ་ཚད་གཞི་མ་ལོན་པའི་གྲོང་ཁྱེར་དང་ཀྲོའུ་ལ་བརྡ་ཁྱབ་གཏོང་རྒྱུ་མ་ཟད། འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་རྩད་གཅོད་ཀྱང་བྱ་རྒྱུ་ཡིན་པ་རེད།
             《ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་དཔྱད་ཞིབ་བྱ་ཐབས་》ལྟར་ན། ཧུའུ་ནན་ཞིང་ཆེན་གྱིས་རྒྱུན་གཏན་གྱི་དཔྱད་ཞིབ་དེ་ལོ་འཁོར་གྱི་དཔྱད་ཞིབ་དང་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་དང་ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། དཔྱད་ཞིབ་བྱེད་རིང་ཚད་གཞི་ལོན་པ་དང་མདུན་གྲལ་གྱི་ཨང་དྲུག་པ་ཡན་ལ་སླེབས་པའི་གྲོང་ཁྱེར་དང་ཀྲོའུ་ལ་དེ་མཚུངས་ཀྱི་བྱ་དགའ་སྤྲོད་རྒྱུ་དང་། བང་རིམ་མཇུག་གྲལ་གྱི་དང་པོ་དང་གཉིས་པར་གྲོང་ཁྱེར་དང་ཀྲོའུ་ཡི“ཆུ་དཔོན”ལ་སྐོང་འདྲི་བྱས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཚད་གཞི་མ་ལོན་པའི་གྲོང་ཁྱེར་དང་ཀྲོའུ་ལ་བརྡ་ཁྱབ་བཏང་སྟེ་དུས་བཀག་ནང་དག་ཐེར་བྱེད་དུ་འཇུག་རྒྱུ་མ་ཟད། འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་རྩད་གཅོད་ཀྱང་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།