འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དྲ་རྒྱའི་བརྙན་ལམ་སྤྱོད་མཁན་དུང་ཕྱུར་5.65ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་6པར་ཀྲུང་གོའི་དྲ་རྒྱའི་བརྙན་ལམ་སྤྱོད་མཁན་དུང་ཕྱུར་5.65ཟིན་པ་དང་དྲ་རྒྱའི་སྐད་ལམ་སྤྱོད་མཁན་དུང་ཕྱུར་5.24ཟིན་ཡོད། དེ་ནི་གསར་འགོད་པར་ཚེས་5ཉིན་ཧྲང་ཧའེ་རུ་འགོ་ཚུགས་པའི་2017ལོའི་ཧྲང་ཧའེ་དྲ་རྒྱའི་ཉན་ལྟའི་དུས་ཚིགས་དང་སྐབས་དགུ་པའི་ཀྲུང་གོ་དྲ་རྒྱའི་ཉན་ལྟའི་ཐོན་ལས་གླེང་སྟེགས་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
             གླེང་སྟེགས་འཚོགས་ཡུལ་དུ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲ་རྒྱའི་ཉན་ལྟའི་ལེ་ཚན་དོ་དམ་སིའི་སི་ཀྲང་ལོའུ་ཅན་ཧུའེ་དང་ཧྲང་ཧའེ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡུས་ཤིའུ་ཧྥུན་གྱིས་གྲངས་གཞི་མཁོ་འདོན་བྱས་པར་གཞིགས་ན། 2017ལོའི་ཟླ་6པའི་བར་ཀྲུང་གོའི་དྲ་རྒྱའི་བརྙན་ལམ་སྤྱོད་མཁན་དུང་ཕྱུར་5.65དང་དྲ་རྒྱའི་སྐད་ལམ་སྤྱོད་མཁན་དུང་ཕྱུར་5.24ཟིན་པ་དང་བརྙན་ལམ་དང་སྐད་ལམ་སྤྱོད་ཚད་ཁག་སོ་སོར་75.2%དང་69.8%ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།