འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཕྱོགས་བསྡུས་མཁོ་སྤྲོད་གྲུ་གཟིངས་དཔེ་གསར་ཐོག་མ་རྩིས་སྤྲོད་རྩིས་ལེན་བྱུང་ནས་
    རུ་གྲལ་དུ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མཚོ་དམག་གི་ཕྱོགས་བསྡུས་མཁོ་སྤྲོད་གྲུ་གཟིངས་དཔེ་གསར་ཐོག་མ་སྟེ། ཧུའུ་ལུན་ཧུའུ་གྲུ་གཟིངས་རུ་གྲལ་དུ་ཞུགས་པ་དང་མིང་འགོད་དར་ཆ་སྤྲོད་པའི་མཛད་སྒོ་ཟླ་9ཚེས་1ཉིན་ཀོང་ཀྲོའུ་ཀོང་ཁྲོན་རྒྱལ་སྤྱི་ཚད་ཡོད་ཀུང་སིར་འཚོགས་པ་རེད། མཚོ་དམག་གི་སི་ལིང་ཡོན་ཧྲེན་ཅིན་ལུང་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
              ཧུའུ་ལུན་ཧུའུ་གྲུ་གཟིངས་965རྟགས་ཅན་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་ཕྱོགས་བསྡུས་མཁོ་སྤྲོད་གྲུ་གཟིངས་དཔེ་གསར་ཞིག་ཡིན་པ་དང་། དེས་རང་རྒྱལ་མཚོ་དམག་གི་གནམ་ཐང་གྲུ་གཟིངས་ཀྱི་དཔུང་རུ་དང་ཐག་རིང་རྒྱ་མཚོའི་སྐབས་བསྟུན་དཔུང་རུ་མཉམ་འགྲོགས་ཀྱིས་མཁོ་སྤྲོད་བྱེད་ཐུབ། གྲུ་གཟིངས་དེ་ལས་མཚོ་ཐོག་མཁོ་སྤྲོད་སྒྲིག་ཆས་ཞིབ་བཟོ་དང་མཁོ་སྤྲོད་གྲུ་གཟིངས་ཆེ་གྲས་ཀྱི་སྤྱིའི་ཇུས་འགོད་བཟོ་སྐྲུན་སོགས་འགག་རྩའི་ལག་རྩལ་རབ་དང་རིམ་པར་ཚད་བརྒལ་བྱུང་ཡོད་པ་དང་། མཁོ་སྤྲོད་བྱེད་སྟངས་རིགས་མང་ལ་མཁོ་སྤྲོད་ནུས་པའང་ཧ་ཅང་ཆེན་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།