འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ས་ཁོངས་ཡོངས་དང་མི་ཚོགས་ཚང་མ་རྒྱལ་ཁབ་ཀྱི་ཞིང་ཆེན་བསྒྲལ་ནས་སྨན་རིན་
    མཇུག་རྩིས་རྒྱག་རྒྱུ་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། མི་སྤྱི་པུའི་ཆ་འཕྲིན་ལྟེ་གནས་ཀྱིས་ལྡོག་འདྲེན་བྱས་པར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་མ་ལག་དེས་རྒྱལ་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་རིན་རྩིས་རྒྱག་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཐུབ་ནས་རྒྱལ་ཡོངས་དྲ་སྦྲེལ་རྩིས་རྒྱག་མངོན་འགྱུར་ཐུབ་པ་དང་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་པའི་དུས་མཚམས་རང་བཞིན་གྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་བ་རེད། མིག་སྔར་རྒྱལ་ཡོངས་སུ་མཚོ་སྔོན་དང་། ཧྲན་ཏུང་། ཀྲེ་ཅང་། ཉིང་ཞ་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)བཞི་ཁོ་ནར་ཁོངས་གཏོགས་ཁུལ་གྱི་ས་ཁོངས་ཡོངས་དང་མི་ཚོགས་ཚང་མ་རྒྱལ་ཁབ་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་རྒྱུ་ལེགས་གྲུབ་བྱུང་བ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པའི་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པའི་སྤྱི་འདོམས་ཀྱི་ཆ་འཕྲིན་མ་ལག་བསྡུ་སྒྲིལ་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་བསྡུ་སྒྲིལ་གཅིག་གྱུར་བྱུང་བ་དེས་སླད་ཕྱིན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ལས་དོན་བདེ་བླག་ངང་ལག་བསྟར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།
            མཚོ་སྔོན་གྱིས་འདི་ལོའི་ཟླ་7པའི་ཟླ་དཀྱིལ་དུ་སྤྱི་འདོམས་ཁུལ་9ཡི་ལས་བཟོའི་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་མི་སྤྱི་པུའི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལས་སྟེགས་དང་འབྲེལ་མཐུད་ལེགས་གྲུབ་ཐུབ་པའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགལ་བཅོལ་ཞིང་ཆེན་རིམ་པའི་སྤྱི་འདོམས་མ་ལག་དེ་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལས་སྟེགས་དང་འབྲེལ་མཐུད་ལེགས་གྲུབ་ཐུབ་པ་དང་མི་སྤྱི་པུའི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་རིན་མཇུག་རྩིས་རྒྱག་པའི“ཉིན་བརྒྱའི་འགག་སྒྲོལ་དམག་འཐབ”ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བས་མཚོ་སྔོན་ཞིང་ཆེན་གྱི་འགན་བཅོལ་ནང་ཞུགས་མཁན་རྒྱལ་ཡོངས་ཁྱབ་ཁོངས་ནང་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པར་འགལ་རྐྱེན་མེད་པར་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ་བྱུང་བ་རེད། མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་མི་སྤྱི་པུའི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཆ་འཕྲིན་མ་ལག་ནང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་གཞན་དུ་ཐོ་བཀོད་པའི་མི་སྣ་40654དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་1030ཐོ་འགོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།