འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་མཚོ་སྔོན་དུ་ཧྲེ་ཧྲི་ཏུའུ་200ཡན་གྱི་སྤུས་ལེགས་སྐམ་ཚའི་བྲག་རྡོ་རྩད་ཞིབ་
    ཐོག་མར་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས། མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ས་གཤིས་ལས་གྲྭའི་ས་གཤིས་ཁོར་ཡུག་ས་གཤིས་བརྟག་ཞིབ་ཁང་གིས་གསེར་ཆེན་གཤོངས་སར་ཧྲེ་ཧྲི་ཏུའུ་236ཡན་གྱི་སྐམ་ཚའི་བྲག་རྡོ་རྩད་ཞིབ་ཐུབ་ཡོད། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་འདི་ནི་རང་རྒྱལ་གྱིས་ཧྲེ་ཧྲི་ཏུའུ་200ལྷག་ཙམ་གྱི་དྲོད་ཆེའི་སྤུས་ལེགས་སྐམ་ཚའི་བྲག་རྡོ་ཐོག་མར་ཤེས་རྟོགས་ཐུབ་ནས་སྐམ་ཚའི་བྲག་རྡོ་རྩད་ཞིབ་ལ་ཚད་བརྒལ་ཆེན་པོ་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
          མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ས་གཤིས་ལས་གྲྭའི་ས་གཤིས་ཁོར་ཡུག་ས་གཤིས་བརྟག་ཞིབ་ཁང་གི་རྣམ་གྲངས་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོ་ནས་བཟུང་། ཁང་དེས་གསེར་ཆེན་གཤོངས་སའི་ས་འོག་གཏིང་ཚད་སྨི་2230ཡི་ས་ནས་ཧྲེ་ཧྲི་ཏུའུ་153ཟིན་པའི་སྐམ་ཚའི་བྲག་རྡོ་རྩད་ཞིབ་ཐུབ་པ་དང་ད་ཐེངས་ཀྱི་ས་འོག་གཏིང་ཚད་སྨི་3750ཡི་ས་ནས་རྩད་ཞིབ་ཀྱིས་ཤེས་རྟོགས་ཐུབ་པ་དེས་སྐམ་ཚའི་བྲག་རྡོའི་དྲོད་ཚད་ཀྱི་ཟིན་ཐོ་སླར་ཡང་བཏོད་ཡོད། འདི་ནི་མཚོ་སྔོན་གྱིས་2009ལོའི་རྗེས་རྒྱལ་ཡོངས་སུ་སྐམ་སའི་འབར་འཁྱགས་ཐོག་མར་ཤེས་རྟོགས་ཐུབ་རྗེས་ཀྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཤེས་རྟོགས་གསར་པ་ཞིག་ཀྱང་ཡིན་པ་རེད།
             ཀྲུང་གོའི་ས་གཤིས་བརྟག་ཞིབ་ཅུས་སོགས་ཚན་ཞིབ་ཁང་གི་རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། གསེར་ཆེན་གཤོངས་སའི་སྐམ་ཚའི་ཐོན་ཁུངས་ལ་གཞི་ཁྱོན་ཆེ་བ་དང་། ས་འོག་ཏུ་གནས་ཚད་འཚམ་པ། ཧ་ཅང་མཐུག་པ། སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། གཙོ་གནད་རྩད་ཞིབ་ཁུལ་གྱི་སྐམ་ཚའི་བྲག་རྡོའི་ཁྱབ་རྒྱ་དང་། ས་གཤིས་གྲུབ་ཆ། ཚ་ཁུངས་བཅས་སྤྱིར་ན་གསལ་པོ་ཤེས་ཏེ་གསེར་ཆེན་གཤོངས་ས་མཚོན་བྱེད་དུ་བྱས་པའི་མཚོ་བོད་ས་མཐོའི་བྱང་ཤར་ཁུལ་གྱི་སྐམ་ཚའི་བྲག་རྡོའི་ས་གཤིས་གྲུབ་སྟངས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།