འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་དཔེ་བཟང་བའི་མིང་ཐོ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་དཔེ་བཟང་བའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་ཧོང་ཏ་ཉན་སོགས་མི་10+1མིང་ཐོའི་ནང་ཡོད་པ་རེད།
            དཔེ་བཟང་10+1དེ་དག་ནི། ཅིས་ལིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོང་ཏ་ཉན་ལ“རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་དཔེ་བཟང་བའི་དམིགས་བསལ་བྱ་དགའ”རྗེས་སྤྲོད་བྱས་པ་དང་། དེ་བྱིངས་ཀྱི་དཔེ་བཟང་བཅུ་པོ་ནི། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཆན་དབྱི་(བུད་མེད)དང་། ཐེན་ཅིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཅིང་ཁང་(བུད་མེད)། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་སློབ་སྤྱི་སུའུ་ཧྥུའུ་མེ(བུད་མེད) ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧའར་གྲོང་ཁྱེར་ལུང་ཅང་རྫོང་ཧེ་སྒང་ཤང་ལྟེ་བའི་སློབ་གྲྭའི་དགེ་རྒན་ཝང་ལི། ཅང་སུའུ་ཞིང་ཆེན་ཐེན་དབྱི་སློབ་འབྲིང་གི་དགེ་རྒན་ཧྲེན་མའོ་ཏེ། ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཀྲང་སའེ་ཧྥུན(བུད་མེད) ཧོ་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུའོ་ཐེན་ཚའེ། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ལུང་ཀྲོའུ་ཕིང་གྲོང་རྡལ་ཧྭ་ཕིང་སློབ་ཆུང་གི་དགེ་རྒན་ལིའུ་ཧྥ་དབྱིང(བུད་མེད། ཐུའུ་ཅ་རིགས) ཁྲུང་ཆིང་གྲོང་ཁྱེར་པ་ཧྲུའུ་སློབ་ཆུང་གི་དགེ་རྒན་ཏིང་ཞའོ་ཡན(བུད་མེད) ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲི་ས་ཁུལ་པ་ཁྲུའུ་རྫོང་ཏུའོ་ལའེ་ཐི་པ་ཀེ་ཤང་བུ་བཅོལ་ཁང་གི་ཡོན་ཀྲང་ཨའེ་མི་ལ་ཀུའུ་ལི·ཨ་པུ་ཏུའུ་(བུད་མེད། ཡུ་གུར་རིགས)བཅས་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་དཔེ་བཟང་བའི་མིང་བཏོན་འདེམས་བསྐོའི་བྱེད་སྒོ་འདི་ལོའི་ཟླ་4པ་ནས་འགོ་བཙུགས་ཚུན། ཞིང་ཆེན་ཁག་གི་འོས་སྦྱོར་དང་། སྨྱན་སྦྱོར་ནས་འགྲེམས་སྟོན། སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པ། སྒྲིག་འཛུགས་ཨུ་ལྷན་གྱིས་མིང་བཏོན་འདེམས་བསྐོ་སོགས་ཀྱི་གོ་རིམ་བརྒྱུད་པ་དང་། མིང་བཏོན་འདེམས་བསྐོའི་གོ་རིམ་ཁྲོད་མི་དམངས་ཉིན་རེའི་ཚགས་པར་དང་། ཀོང་མིང་ཉིན་རེའི་ཚགས་པར། ཀྲུང་གོ་སློབ་གསོ་ཚགས་པར། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། ཀོང་མིང་དྲ་བ། ཀྲུང་གོ་གཞོན་ནུའི་དྲ་བ། ཤིན་ལང་དྲ་བ། སོའུ་ཧུའུ་དྲ་བ། ཐེང་ཞུན་དྲ་བ། ཀྲུང་གོ་སློབ་གསོ་གསར་འགྱུར་དྲ་བ། སློབ་གསོ་སྡེ་ཚན་གྱི་གཙོ་ཆེའི་དྲ་ཚུགས་བཅས་སུ་འོས་མིའི་མིང་ཐོ་དང་ངོ་སྤྲོད་མདོར་བསྡུས་བཀོད་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱིས་འདེམས་ཤོག་འཕེན་པ་དང་ལེན་བྱས་པ་རེད། འདེམས་ཤོག་འཕེན་པའི་རྨང་གཞིའི་ཐོག་དགེ་རྒན་གྱི་ཀུན་སྤྱོད་དང་སློབ་ཁྲིད་མི་སྐྱོང་ལས་ཀའི་གྲུབ་འབྲས་དངོས་སོགས་ཀྱི་ཚད་གཞི་ལྟར་མིང་བཏོན་འདེམས་བསྐོ་ཨུ་ལྷན་གྱིས་གྲོས་བསྡུར་གང་ལེགས་བྱས་པ་དང་མིང་མི་བཀོད་པར་འདེམས་ཤོག་འཕེན་པ་བརྒྱུད། མཐར་རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་གི་དཔེ་བཟང་བ་10+1བདམས་ཐོན་བྱུང་ཡོད་པ་རེད། རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་གི་དཔེ་བཟང་བ་11ཚང་མར་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཐོབ་པ་དང་། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལས་དུས་སྐབས་གསར་པའི་རྒྱ་ཆེའི་དགེ་རྒན་ཚོས་ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི“བཞི་ལྡན”དགེ་རྒན་བཟང་པོ་བརྩོན་ལེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་ལག་ལེན་བསྟར་བའི་གཟུགས་བརྙན་གསར་པ་དང་རྣམ་པ་གསར་པ་གཅིག་སྡུད་ཐོག་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།