འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཁྱད་ལྡན་རིག་གནས་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་སྟེགས་ཐོག་མ་དངོས་སུ་སྤྱོད་
    འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་ལྔ་པའི་རིང་བོད་ལྗོངས་གཞིས་རྩེའི་རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལས་སྟེགས་ཏེ་ཀྲུང་གོའི་བཀྲ་ཤིས་བདེ་ལེགས་དྲ་བ་ཚེས་16ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ལས་སྟེགས་དེ་ནི་རྒྱལ་ནང་གི་བོད་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་དྲ་ཐོག་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཐོག་མ་དེ་ཡིན་ལ་གཞིས་རྩེ་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་རྟེན་གཞི་དང་གཞོན་ནུའི་ལས་གཏོད་ཀྱི་ལས་སྟེགས་ཀྱང་ཡིན།
           ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་བཀྲ་ཤིས་བདེ་ལེགས་དྲ་བ”ཡི་ནང་རིག་གནས་ཡུལ་སྐོར་དང་། རིག་གནས་སྒྱུ་རྩལ། སྨན་རྫས་རིག་གནས། ཞིང་རྨོའི་རིག་གནས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། མིག་སྔར་ཐང་ག་དང་། བོད་སྨན། རྒྱན་ཆས། བོད་གྲི ས་གདན་སོགས་རྣམ་གྲངས་ཆེན་པོ་བཅུ་ཡོད་པ་རེད། བོད་ལྗོངས་གཞིས་རྩེ་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་ཐུན་མོང་རྒྱབ་སྐྱོར་འོག་ལས་སྟེགས་དེ་མ་འོངས་པར་དྲ་ཐོག་དང་དྲ་འོག་གཞི་གཅིག་ཅན་གྱི་གཉེར་སྐྱོང་ཐུབ་ནས་ཞབས་ཞུའི་དུས་ཚོད་དང་ས་ཁོངས་ཀྱི་ཚོད་འཛིན་མི་ཕོག་པར“བཀྲ་ཤིས་བདེ་ལེགས”དེ་གཞིས་རྩེ་ཙམ་མ་ཟད་ཐ་ན་བོད་ལྗོངས་ཀྱི་ཆེད་གཏོགས་སྤུས་རྟགས་སུ་འགྱུར་རྒྱུ་རེད། ལས་སྟེགས་སྤྱོད་འགོ་ཚུགས་རྗེས་ལྷ་ས་དང་ཅིས་ནན་སོ་སོར་ཐོན་རྫས་རྟེན་གཞི་དང་དྲ་འོག་འགྲེམས་སྟོན་ཚོམས་ཆེན་བསྐྲུན་ཏེ་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་དང་ཕྱོགས་གཉིས་པོའི་རིག་གནས་དང་དཔལ་འབྱོར་སྤེལ་རེས་ཐད་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།