འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རིམ་པ་5Aཅན་གྱི་སྐྱེ་ཁམས་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་
    སྐྲུན་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་རིམ་པ་5Aཅན་གྱི་སྐྱེ་ཁམས་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་
སྐྲུན་ལེགས་འགྲུབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་གསལ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དང་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོའི་མཛེས་ལྗོངས་ཁུལ་བཅས་མཛེས་ལྗོངས་ཁུལ་གཉིས་ཀ་རིམ་པ་5Aཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་ལོན་པས། རྒྱལ་ཁབ་ཀྱི་རིམ་པ་5Aཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འཁོད་པར་ཆོག་མཆན་ཐོབ་པ་རེད། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་5Aཅན་གྱི་སྐྱེ་ཁམས་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཏུ་གྱུར་པ་རེད།
         བྲག་གསུམ་མཚོ་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ནས་སྤྱི་ལེ་50ཡི་མཚམས་ཀྱི་འབའ་ཆུ་སྟོད་རྒྱུད་ཀྱི་གྲོག་རོང་དུ་གནས་ཡོད་པ་དང་། མཚོ་ངོས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3700ཡོད་པ་དང་། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ་སྟོང་6ལྷག་ཡོད་ཅིང་། བོད་བརྒྱུད་ནང་བསྟན་རྙིང་མ་པའི་སྐད་གྲགས་ཆེ་བའི་ལྷ་མཚོ་དང་གནས་མཆོག་ཅིག་རེད། 1994ལོར། བྲག་གསུམ་མཚོ་ནི་རྒྱལ་ཁབ་ཀྱི་མཛེས་ལྗོངས་གྲགས་ཅན་ཁུལ་དུ་བདམས་པ་དང་། དུས་མཉམ་དུ་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་འཛམ་གླིང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བཀོད་ཅིང་། 2000ལོར་རྒྱལ་ཁབ་ཀྱི་རིམ་པ་4Aཅན་གྱི་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། 2001ལོར་རྒྱལ་ཁབ་ནགས་ལས་པུའུ་ཡིས་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཚན་སྙན་གནང་བ་རེད།
         ཀོང་པོ་རྒྱ་མདའ་རྫོང་ཡུལ་སྐོར་ཅུས་ཀྱི་འགོ་འཛིན་གཞོན་པ་དཔལ་ལྡན་ཚེ་དབང་གིས་གསར་འགོད་པར་འདིའི་སྔོན་དུ། བོད་ལྗོངས་སུ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གཉིས་རིམ་པ་5Aཅན་གྱི་མི་ཆོས་མཛེས་ལྗོངས་ཁུལ་ཡིན་ཞིང་། ཐེངས་འདིར་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་རིམ་པ་5Aཅན་གྱི་མཛེས་ལྗོངས་ཁུལ་དུ་བདམས་པར་དམིགས་བསལ་གྱི་དོན་སྙིང་ལྡན་པ་སྟེ། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དེ་ཉིད་བོད་ལྗོངས་ཀྱི་སྐྱེ་ཁམས་རང་བྱུང་མཛེས་ལྗོངས་ཁུལ་ཐོག་མར་གྱུར་པ་དང་། དེས་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་གཞན་དག་གིས་གསར་སྐྲུན་རིམ་པ་འཕར་ཐབས་བྱ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་པོ་རྒྱ་མདའ་རྫོང་གིས་2014ལོ་ནས་བྲག་གསུམ་མཚོ་རིམ་པ་5Aཅན་གྱི་ཡུལ་ལྗོངས་མཛེས་ལྗོངས་ཁུལ་གསར་སྐྲུན་ལས་ཀ་སྤེལ་འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.7བཞག་པ་རེད། མིག་སྔར། བྲག་གསུམ་མཚོ་ཡུལ་ལྗོངས་མཛེས་ལྗོངས་ཁུལ་གྱིས་མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བའི་འཆར་འགོད་བྱེད་བཞིན་ཡོད་པ་རེད། 
    ༄༅།།བོད་ལྗོངས་ཀྱི་རིམ་པ་5Aཅན་གྱི་སྐྱེ་ཁམས་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་
སྐྲུན་ལེགས་འགྲུབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།