འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་སྨན་ཁང་ཞིག་ཏུ་འདས་པའི་ཆུ་ཚོད་48རིང་ལ་ཕྲུ་གུ་42ཤི་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱ་གར་སྨྱན་སྦྱོར་གྱིས་ཟླ་8ཚེས་30ཉིན་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། རྒྱ་གར་བྱང་ཕྱོགས་མངའ་སྡེའི་གཞུང་བཙུགས་སྨན་ཁང་ཞིག་ཏུ་འདས་པའི་ཆུ་ཚོད་48རིང་ལ་ཕྲུ་གུ་42ཤི་བ་དང་། ཤི་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
            གནས་འཕྲིན་དུ། གཞུང་བཙུགས་སྨན་ཁང་འདི་ནི་བྱང་ཕྱོགས་མངའ་སྡེ་ཀེ་ལེ་པུ་ཁེར་རྫོང་གི་BRDསྨན་ཁང་ཡིན་པ་དང་། སྨན་ཁང་འདིའི་འགོ་འཛིན་P.K.ཤིན་ཀེ་ཡིས་སྨྱན་སྦྱོར་ལ་དེ་ཚོའི་ཁྲོད་དུ་ཕྲུ་གུ་7ནི་ཀླད་པའི་གཉན་ཚད་ལས་ཤི་བ་དང་། ཕྲུ་གུ་གཞན་པ་ཚོའི་ཤི་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
          ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཀྱང་གནས་འཕྲིན་སྤེལ་ཏེ་འདས་པའི་ཆུ་ཚོད་72རིང་ལ་སྨན་ཁང་འདིར་ཁྱོན་བསྡོམས་ཕྲུ་གུ་61ཤི་བ་རེད་ཅེས་བརྗོད་པ་རེད།
          BRDསྨན་ཁང་ནི་ཀེ་ལེ་པུ་ཁེར་རྫོང་གི་གཞུང་བཙུགས་སྨན་ཁང་ཆེ་ཤོས་ཤིག་ཡིན་ལ། སྨན་ཁང་འདིར་སྨན་བཅོས་སུ་ཡོང་བའི་ནད་པ་ནི་བྱང་ཕྱོགས་མངའ་སྡེའི་ས་ཁུལ་ཁག་དང་ཉེ་འགྲམ་གྱི་པི་ཧར་མངའ་སྡེ་དང་ཁྱིམ་མཚེས་རྒྱལ་ཁབ་བལ་པོ་སོགས་ནས་རེད། སྨན་ཁང་དེའི་སྨན་པ་ཞིག་གིས་ཟླ་8པ་ནས་བཟུང་། བལ་པོ་དང་། རྒྱ་གར་གྱི་པི་ཧར་མངའ་སྡེ་དང་བྱང་ཕྱོགས་མངའ་སྡེ་བཅས་ཀྱི་ས་ཁུལ་མང་ཆེ་བར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཐེབས་པ་དང་། གནམ་གཤིས་ཤིན་ཏུ་ངན་པ་བྱུང་བ་དང་དེའི་རྐྱེན་ལས་བྱུང་བའི་རང་བྱུང་གནོད་འཚེ་ལས་ཕྲུ་གུ་མང་པོར་ནད་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་བ་རེད་ཅེས་བསྟན་པ་རེད།
          ཟླ་བ་འདིའི་ཟླ་དཀྱིལ་དུ་རྒྱ་གར་སྨྱན་སྦྱོར་གྱིས་BRDསྨན་ཁང་དུ་ཉིན་ཁ་ཤས་ནང་ལ་ཕྲུ་གུ་བཅུ་ཕྲག་ཁ་ཤས་ཤི་བ་དང་། ཤི་རྐྱེན་ནི་ཕལ་ཆེར་འབྲེལ་ཡོད་ཀུང་སིས་སྨན་སྤྱོད་གསོ་རླུང་མཁོ་འདོན་བྱེད་མཚམས་བཅད་པ་དང་འབྲེལ་བ་ཡོད་པའི་གནས་འཕྲིན་སྤེལ་བ་རེད། དེའི་སྐོར་ལ་རྒྱ་གར་བྱང་ཕྱོགས་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཡུའེ་ཅི་•ཨ་ཏི་ཐི་ཡ་ནཱ་ཐེ་ཡིས་ཚེས་13ཉིན་ཁུངས་སྐྱེལ་དག་འབུད་བྱས་ཏེ་ཕྲུ་གུ་30ཡི་ཤི་རྐྱེན་ནི་གློ་བུར་དུ་བྱུང་བའི་ཀླད་པའི་གཉན་ཚད་ཡིན་པའི་ངོས་འཛིན་བྱས་པ་དང་། ཕྲུ་གུ་གཞན་དག་གི་ཤི་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།