འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་མགྱོགས་མྱུར་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། ཀྲུང་དབྱང་རྩ་འཛུགས་པུས་མི་སྤྱི་པུའུ་དང་རྒྱལ་ཁབ་སྡོམ་རྩིས་ཅུས་དང་མཉམ་དུ་2015ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་སྡོམ་རྩིས་ལས་དོན་སྤེལ་བ་དེ་ནི་2010ལོའི་རྗེས་ཀྱི་སྔོན་རྩིས་ཕྱི་ནང་གི་སྡོམ་རྩིས་བྱེད་ཐེངས་གཉིས་པ་དེ་རེད། སྡོམ་རྩིས་གྲངས་གཞི་ལས་མངོན་གསལ།
         ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡོམས་འབོར་བརྟན་པོའི་ངང་འཕར་ཞིང་། རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡོམས་དུང་ཕྱུར་1.75ཟིན་པ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡོམས་འབོར་གྱིས་མི་ཤུགས་ཐོན་ཁུངས་བསྡོམས་འབོར་གྱི་15.5%བཟུང་ནས་2020ལོའི་མི་དུང་ཕྱུར་1.8དང་16%གི་འཆར་འགོད་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད། ཏང་སྲིད་ཤེས་ལྡན་མི་སྣ་དང་། ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ། གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་མི་སྣ། སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡོམས་འབོར་ཁྲི་729.0དང་། ཁྲི་4334.1 ཁྲི་7328.1 ཁྲི་4501.0 ཁྲི་1692.3 ཁྲི་75.9བཅས་སོ་སོར་ཟིན་ནས་2010ལོ་དང་བསྡུར་ན་4.0%དང་། 45.5% 32.0% 57.2% 61.4% 272.1%བཅས་སོ་སོར་འཕར་ཞིང་། དེའི་ཁྲོད་ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་ཐོན་ཁུངས་བསྡོམས་འབོར་2020ལོའི་འཆར་འགོད་དམིགས་ཚད་ལས་3.2%དང་15.4%འཕར་ཡོད་པ་རེད།
         ཤེས་ལྡན་མི་སྣའི་དཔུང་ཁག་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཞིང་། ངལ་རྩོལ་ནུས་ཤུགས་ཁྲི་རེའི་ནང་ཞིབ་འཇུག་གསར་སྤེལ་མི་སྣ་མི་ལོ་48.5ཟིན་པ་དེ་2010ལས་མི་ལོ་14.9འཕར་ནས་2020ལོའི་འཆར་འགོད་དམིགས་ཚད་ལས་མི་ལོ་5.5ལས་བརྒལ་བ་དང་། ངལ་རྩོལ་ན་ལོན་མི་འབོར་གཙོ་བོར་མཐོ་རིམ་སློབ་གསོ་ཐོབ་པའི་བསྡུར་ཚད་16.9%ཟིན་པ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣས་རྩལ་ནུས་ངལ་རྩོལ་པའི་བཟུང་ཚད་27.3%ཟིན་པ། གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་མི་སྣས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་བཟུང་ཚད་3.3%ཟིན་ནས་2010ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་4.4དང་། 1.7 1.1བཅས་འཕར་བ། ཏང་སྲིད་ཤེས་ལྡན་མི་སྣ་དང་། ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བཅས་ལས་སློབ་ཆེན་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པས་42.4%བཟུང་བ་དེ་2010ལོ་ལས་བརྒྱ་ཆའི་གྲངས་8.2འཕར་ཡོད་པ་རེད།
         ཤེས་ལྡན་མི་སྣར་མ་དངུལ་གཏོང་ཚད་དང་ལས་ཕྱོད་མངོན་གསལ་མཐོ་རུ་སོང་ཞིང་། མི་ཤུགས་མ་རྩ་གཏོང་ཚད་ཀྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་15.8%བཟུང་བ་དེ་2010ལོ་ལས་བརྒྱ་ཆའི་གྲངས་3.8འཕར་བ་དང་། ཤེས་ལྡན་མི་སྣས་ལེགས་སྐྱེས་འབུལ་ཚད་33.5%ཟིན་པ་དེ་2010ལོ་ལས་བརྒྱ་ཆའི་གྲངས་6.9འཕར་བ་དང་ཤེས་ལྡན་མི་སྣས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཚད་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
         གོ་ལ་ཧྲིལ་པོའི་ཤེས་ལྡན་མི་སྣར་མཐོང་ཆེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། 2016ལོའི་ལོ་མཇུག་བར་རྒྱལ་ཁབ་ཀྱི“མི་སྟོང་གི་འཆར་གཞིས”རྒྱལ་ཕྱིའི་ཤེས་ལྡན་མི་སྣ་6089ནང་འདྲེན་བྱས་པ་དང་ཕྱི་རྒྱལ་ནས་མེས་རྒྱལ་དུ་ལོག་པའི་ཤེས་ལྡན་མི་སྣའི་གྲངས་འབོར་ཁྲི་265.1ཟིན་པ་ལས་70%ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ལོག་ཡོང་བ་ཞིག་ཡིན་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱི་སྦྱོང་ཤེས་ལྡན་མི་སྣ་མེས་རྒྱལ་དུ་ལོག་པའི་ཚ་རླབས་ཤིག་འཕྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།