འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་ཏུ་ཐོ་འགོད་སྙན་སེང་བྱས་པའི་མི་སྣ་རིགས་བཞིར་ཞིང་ཆེན་བསྒྲལ་ནས་ནད་སྡོད་
    སྨན་བཅོས་འགྲོ་སོང་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ནང་སོག་ཏུ་ལས་འཁྱུར་ངལ་གསོ་བརྒྱབ་ནས་ཡུལ་གཞན་དུ་གནས་སྤོ་དང་། དུས་ཡུན་རིང་པོར་ཡུལ་གཞན་དུ་འཚོ་སྡོད། རྒྱུན་དུ་ནས་ཡུལ་གཞན་དུ་ལས་ཀ་བྱེད་པ། སྨན་ཁང་བསྒྱུར་བའི་གཏན་འབེབས་དང་མཐུན་པ་སོགས་ཐོ་འགོད་སྙན་སེང་བྱས་པའི་མི་སྣ་རིགས་བཞིར་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་ནད་སྡོད་སྨན་བཅོས་འགྲོ་སོང་ཐད་ཀར་མཇུག་རྩིས་རྒྱག་ཐུབ་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་ལས་དོན་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ནང་སོག་གིས་སླར་ཡང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྣམས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་ཁོངས་གཏོགས་ཀྱི་ཐོ་འགོད་སྙན་སེང་བྱེད་ཁོངས་ནང་བཅུག་ཅིང་། ཟླ་8ཚེས་21ཉིན་ནས་བཟུང་། ནང་སོག་རང་སྐྱོང་ལྗོངས་རིམ་པ་དེ་ག་དང་མོང་དང་གྲོང་ཁྱེར་14ཡི་སྨན་བཅོས་འགན་ལེན་སྤྱི་འདོམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཚང་མས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་ནད་སྡོད་སྨན་བཅོས་ཀྱི་འགྲོ་སོང་ཐད་ཀར་མཇུག་རྩིས་རྒྱག་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།