འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་ནས་མི་7གྲོངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་ནས་མི་7གྲོངས་ཡོད་པ།
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་8ཚེས་30ཉིན་གྱི་ཆུ་ཚོད་14:00ཡས་མས་སུ། མྱུར་སྐྱོབ་མི་སྣ་ཡིས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་ནས་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སུ་རུག་ཆེན་གྲོང་ཚོར་བྱུང་བའི་རི་ཉིལ་གནོད་འཚེ་ལས་ས་འོག་མནན་པའི་མི་སྣ་ཚང་མ་མྱུར་སྐྱོབ་བྱེད་ཐུབ་པ་དང་། དེའི་ཁྲོད་དུ་མི་7གྲོངས་ཡོད་པ་དང་། མི་1ལ་རྨས་ཚབས་ཆེན་ཕོག་ཡོད་པ། མི་1ལ་རྨས་ཡང་མོ་ཕོག་ཡོད་པ་རེད།
          མཚམས་སྦྱོར་བྱས་པ་ལྟར་ན། ཚེས་30ཉིན་གྱི་ཆུ་ཚོད་4དང་སྐར་མ་30ཡས་མས་སུ། རྫོང་དེའི་རྭ་རྒྱ་གྲོང་རྡལ་སུ་རུག་གྲོང་ཚོར་རི་ཉིལ་གནོད་འཚེ་བྱུང་བ་ལས་དུད་ཁྱིམ་གསུམ་གྱི་འབྲོག་པ་9ས་འོག་ཏུ་མནན་པ་རེད། གནོད་འཚེ་ལས་ད་དུང་མཚོ་སྔོན་ཞིང་ཆེན་རིམ་པའི་གཞུང་ལམ་S101ཆད་པ་མ་ཟད། གཤེགས་ཆུ་ཡང་བཀག་ནས་ཁེགས་འཁྱིལ་མཚེའུ་ཆགས་པ་རེད།
          གནོད་འཚེ་བྱུང་རྗེས། རྨ་ཆེན་རྫོང་གིས་ཁྱོན་བསྡོམས་མྱུར་སྐྱོབ་མི་སྣ་600ལྷག་ཙམ་མངག་གཏོང་བྱས་ཏེ་དུད་ཁྱིམ་17གྱི་འབྲོག་པ་90ལྷག་དང་། ཕྱུགས་ཟོག་ཧ་ལམ་1200ཁ་འགྲེམས་བྱས་པ་རེད། དེ་དང་དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་སྤྱི་བདེའི་མེ་གསོད་མེ་འགོག་ཡན་ལག་རུ་ཁག་རྨ་ཆེན་རུ་ཆེན་གྱིས་མྱུར་སྐྱོབ་མེ་གསོད་མེ་འགོག་རླངས་འཁོར་གཅིག་དང་། སྲིད་འཛིན་རླངས་འཁོར་གཅིག དཔོན་དམག་13བཅས་མངག་གཏོང་བྱས་ཏེ་མགྱོགས་མྱུར་ངང་གནོད་འཚེ་བྱུང་ཡུལ་དངོས་སུ་བསྐྱོད་པ་རེད།
           རྨ་ཆེན་རྫོང་ཨུ་ལྷན་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་ཨན་ནཱ་ཡིས་ད་ལྟ་ཉེན་སྐྱོབ་གནོད་སེལ་མི་སྣ་ཚོས་ཛ་དྲག་ཆེན་པོའི་ངང་ཞིང་ཆེན་རིམ་པའི་གཞུང་ལམ་S101དང་གསར་བྱུང་ཁེགས་འཁྱིལ་མཚེའུ་གཤོང་བཞིན་ཡོད་པ་དང་། ས་གནས་དེ་གའི་ཉེ་འཁོར་གྱིས་ཀྱང་མྱུར་སྐྱོབ་རླངས་འཁོར་དང་མཚན་མོར་ལས་སྒྲུབ་གློག་སྒྲོན་སོགས་དངོས་རྫས་སྒྲིག་ཆས་གནོད་སྐྱོབ་ཡུལ་དངོས་སུ་དབོར་སྐྱེལ་བྱས་ཡོད་ཅེས་བཤད་པ་རེད།
    ༄༅།།མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་དུ་རི་ཉིལ་གནོད་འཚེ་བྱུང་ནས་མི་7གྲོངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།