འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་བྱང་རྒྱུད་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་70ལྷག་རྨས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་24ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་བྱང་རྒྱུད་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་70ལྷག་རྨས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན་གྱི་ཞོགས་པར། རྒྱ་གར་བྱང་ཕྱོགས་མངའ་སྡེ་ཡི་ཨོ་ལའེ་ཡ་རྫོང་ཁོངས་སུ་དུས་གཏན་མེ་འཁོར་ཞིག་འཁོལ་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ། མི་70ལྷག་ལ་རྨས་སྐྱོན་ཕོག་པ་རེད། འདི་ནི་ཉིན་བཞི་ཡི་རིང་ལ། བྱང་ཕྱོགས་མངའ་སྡེ་རུ་བྱུང་བའི་དུས་གཏན་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་ཐེངས་གཉིས་པ་དེ་ཡིན་པ་རེད།
           བྱང་ཕྱོགས་མངའ་སྡེ་ལྕགས་ལམ་མ་ལག་གི་གཏམ་བརྗོད་པ་ཞིག་གིས་ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་2:50ཡས་མས་སུ། དུས་གཏན་མེ་འཁོར་འདི་ཉིད་བྱང་ཕྱོགས་མངའ་སྡེ་ཡི་ཨ་ཙེ་མུའུ་གེར་ནས་རྒྱལ་ས་ཏི་ལི་གསར་པར་སྐྱོད་པའི་ལམ་བར་དུ་གད་སྙིགས་སྐྱེལ་འདྲེན་གྱི་རླངས་འཁོར་ཞིག་དང་གདུང་ཐུག་བྱུང་བ་རེད། ཡུལ་དངོས་ཀྱི་མྱུར་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ལ། རྨས་མ་ཚང་མ་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ཡོད་པ་རེད།
    ༄༅།།རྒྱ་གར་བྱང་རྒྱུད་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་70ལྷག་རྨས་པ།
    ༄༅།།རྒྱ་གར་བྱང་རྒྱུད་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་70ལྷག་རྨས་པ།
    ༄༅།།རྒྱ་གར་བྱང་རྒྱུད་དུ་མེ་འཁོར་ཞིག་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་70ལྷག་རྨས་པ།
      

    ཕྱོགས་བསྡུས་གསར་འགྱུར།