འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྣེ་ལེན་གྲོང་ཚོ་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་23ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྣེ་ལེན་གྲོང་ཚོ་དངོས་སུ་སྤྱོད་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྣེ་ལེན་གྲོང་ཚོ་དེ་ཐེན་ཅིན་དུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། བརྗོད་དོན་དུ"དྲོ་སྐྱིད་ལྡན་པའི་སྣེ་ལེན་གྲོང་ཚོ་དང་ཕུགས་འདུན་མངོན་འགྱུར་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས"ཞེས་བཀོད་པའི་སྣེ་ལེན་གྲོང་ཚོ་ཡིས་རྒྱལ་ཡོངས་ས་ཆ་ཁག་གི་ལུས་རྩལ་འཐུས་མི་ཚོགས་པ་དང་། སྨྱན་སྦྱོར་གསར་འགོད་པ་ཚོར་འཚོ་བའི་ཞབས་ཞུ་བསྒྲུབ་རྒྱུ་རེད། དུས་མཚུངས་སུ། གསར་འགྱུར་ལྟེ་གནས་གཙོ་བོ་དེ་ཡང་ཚེས་22ཉིན་ནས་བཟུང་ལས་ཀ་བྱེད་འགོ་ཚུགས་པ་རེད།
          རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྣེ་ལེན་གྲོང་ཚོ་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཧོ་ཤིས་ཁུལ་དུ་བསྐྲུན་ཡོད་ལ། དེ་ནི་ལུས་རྩལ་པའི་གྲོང་ཚོ་དང་། སྨྱན་སྦྱོར་པའི་གྲོང་ཚོ། ལག་རྩལ་དཔོན་མིའི་གྲོང་ཚོ་བཅས་གསུམ་ལས་གྲུབ་ཡོད་ཅིང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་པ་ཁྲི་1.8དང་། ལག་རྩལ་དཔོན་མི། གསར་འགྱུར་ལས་སྒྲུབ་པ་སོགས་ལ་ཆེད་དུ་བསྐྲུན་པའི་ཕྱོགས་བསྡུས་རང་བཞིན་གྱི་འཚོ་བའི་ཞབས་ཞུ་ཡི་སྡོད་ཁུལ་གསར་པ་ཞིག་རེད།
          གྲོན་ཆུང་ངང་འགྲན་ཚོགས་སྤེལ་བའི་དགོངས་དོན་ལག་ལེན་བསྟར་ཆེད། གསར་འགྱུར་ལྟེ་གནས་གཙོ་བོའི་གཞུང་ལས་ཐོག་ཁང་དེ་འགྲན་ཚོགས་རྫོགས་རྗེས། དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་བྱས་ཏེ་སྤྱི་ཚོགས་མི་མང་ལ་སྒོ་འབྱེད་རྒྱུ་ཡིན་པ་རེད།
    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྣེ་ལེན་གྲོང་ཚོ་དངོས་སུ་སྤྱོད་འགོ་ཚུགས་པ།
    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྣེ་ལེན་གྲོང་ཚོ་དངོས་སུ་སྤྱོད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།