འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཨེ་སི་ཆི་ཡ་གླིང་ཕྲན་དུ་ས་ཡོམ་བྱུང་ནས་མི་2གྲོངས་པ་དང་མི་39ལ་
    རྨས་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་23ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཨེ་སི་ཆི་ཡ་གླིང་ཕྲན་དུ་ས་ཡོམ་བྱུང་ནས་མི་2གྲོངས་པ་དང་མི་39ལ་
རྨས་ཕོག་ཡོད་པ།
          མི་དམངས་དྲ་བའི་འཕྲིན། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ས་ཡོམ་རྟོག་ཞིབ་ཚད་འཇལ་སྡེ་ཁག་གི་བརྡ་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་21ཉིན་གྱི་ཆུ་ཚོད་21:00ཡས་མས་སུ། དབྱི་ཐ་ལི་ལྷོ་རྒྱུད་ཀྱི་ཨེ་སི་ཆི་ཡ་(Ischia)གླིང་ཕྲན་དུ་ས་ཡོམ་རིམ་པ་4.0བྱུང་བ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ད་ལྟ། ས་ཡོམ་གནོད་འཚེ་ལས་ཉུང་མཐར་ཡང་མི་2གྲོངས་པ་དང་། མི་39ལ་རྨས་སྐྱོན་ཕོག་ཡོད་པ་རེད།
          དབྱི་ཐ་ལི་རྒྱལ་ཁབ་སའི་གོ་ལའི་དངོས་ལུགས་དང་མེ་རི་ཞིབ་འཇུག་སུའོ་ཡིས་སྤེལ་བའི་གཞི་གྲངས་སུ་མངོན་པ་ལྟར་ན། ཚེས་21ཉིན་གྱི་དགོང་མོར། ཨེ་སི་ཆི་ཡ་གླིང་ཕྲན་དང་དེའི་ཉེ་འཁོར་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ་4.0བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་5ཙམ་ཡོད་པ་རེད།
          ས་ཡོམ་བྱུང་དུས། གླིང་ཕྲན་ཡོངས་ནས་ཡོམ་ཚོར་ཆེན་པོ་ཡོད་པ་རེད། ཨེ་སི་ཆི་ཡ་གླིང་ཕྲན་ས་གནས་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ས་ཡོམ་ལས་གླིང་ཕྲན་གྱི་གནས་མང་པོ་ཞིག་གི་གློག་ཆད་པ་དང་། འཛུགས་སྐྲུན་དངོས་པོ་ཁ་ཤས་ཤིག་ཀྱང་རྡིབ་ལོག་བྱུང་བ་རེད། ད་ལྟ། ས་གནས་དེ་གའི་ཞན་པིང་དམག་མི་དང་། ཉེན་རྟོག་པ། མེ་གསོད་མེ་འགོག གཞན་ད་དུང་སྨན་བཅོས་མི་སྣ་སོགས་ཀྱིས་མྱུར་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད། ད་སྐབས་ནི་དབྱར་དུས་ཀྱི་སྤྲོ་གསེང་གཏོང་དུས་ལ་ཁེལ་ཡོད་པས། སྔོན་དཔག་བྱས་ན་གྲོངས་རྨས་བྱུང་མཁན་ཕལ་ཆེར་མང་དུ་འབྱུང་ཉེན་ཡོད་པ་རེད།
          གཞན་ཨ་རིའི་ས་གཤིས་རྩད་ཞིབ་ཅུས་ཀྱི་ས་ཡོམ་ཆ་འཕྲིན་དྲ་བའི་གནས་འཕྲིན་ལྟར་ན། ཐེངས་འདིའི་ས་ཡོམ་འདི་ནི་རིམ་པ་4.3ཡིན་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་རེད།
          ཨེ་སི་ཆི་ཡ་གླིང་ཕྲན་ནི་དབྱི་ཐ་ལི་རྒྱལ་ཁབ་ལྷོ་རྒྱུད་ཀྱི་ནཱ་ཕི་ལེ་སི་(Naples)ཞིང་ཆེན་གྱི་ཁོངས་གཏོགས་སུ་ཡོད་ཅིང་། ཁྱད་འཕགས་ཀྱི་ས་ཁམས་ཆགས་ཚུལ་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད་པ་རེད། 1883ལོར། གླིང་ཕྲན་འདི་ནས་གྲོངས་མཁན་གྱི་མི་གྲངས་2300ལས་བརྒལ་བའི་ས་ཡོམ་ཞིག་བྱུང་མྱོང་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཨེ་སི་ཆི་ཡ་གླིང་ཕྲན་དུ་ས་ཡོམ་བྱུང་ནས་མི་2གྲོངས་པ་དང་མི་39ལ་
རྨས་ཕོག་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།