འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལྷ་སའི་ཞོ་སྟོན་སྐབས་ཀྱི་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་75ཟིན་
    པ་དང་མ་དངུལ་འཇོག་གྲངས་བསྡོམས་འབོར་དུང་ཕྱུར་319ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་22ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན་གྱི་ཕྱི་དྲོར། 2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་གཅིག་སྡུད་ཀྱིས་གན་རྒྱ་འཇོག་པའི་མཛད་སྒོ་ལྷ་ས་གནས་མཆོག་ལྷ་ཡུལ་གླིང་ཆེན་གསོལ་མགྲོན་ཁང་དུ་གཉེར་བ་རེད།
         ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་ཞོ་སྟོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་གྱིས"བོད་དུ་གདན་འདྲེན་ཞུས་པའི"ཚོང་འགུག་ཐབས་ཇུས་ལག་བསྟར་ཧུར་ཐག་བྱེད་པ་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་གང་མགྱོགས་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། བྱེད་སྒོ་འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་གཉེར་འགན་ཁུར་བ་རེད།
         གསར་འགོད་པས་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་ཆིངས་རྒྱ་བཞག་པའི་རྣམ་གྲངས་75ཟིན་ཞིང་། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་319.85ཟིན་པ་དང་།  དེའི་ཁྲོད་དུ་དངོས་སུ་ཆིངས་རྒྱ་བཞག་པའི་རྣམ་གྲངས་45ཟིན་ཞིང་། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་185.5ཟིན་པ།  ཆིངས་རྒྱ་འཇོག་འདོད་ཡོད་པའི་རྣམ་གྲངས་30ཟིན་ཞིང་།  མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་134.35ཟིན་པ།  འོས་སྦྱོར་ཚོགས་འདུའི་ཐོག་གཅིག་སྡུད་ཀྱིས་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་31གི་ཆིངས་རྒྱ་བཞག་ཅིང་། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་168.23ཟིན་པ་དང་།  དེའི་ནང་དུ་མཐེབ་འབྱེད་ལྕགས་ཀྲིན་དང་དེ་བཞིན་ལྕགས་ཀྲིན་ཐོན་སྐྱེད་བརྒྱུད་རིམ་དང་། ལྷ་སའི་སྒོ་ར་འཛུགས་སྐྲུན་རྣམ་གྲངས། ཡུལ་སྐོར་གླིང་འཛུགས་སྐྲུན་རྣམས་གྲངས་སོགས་འདུས་ཡོད་པ་རེད།
         ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་ཧྥང་ཀུའེ་ལིན་གྱིས་ལྷ་ས་གྲོང་ཁྱེར་གྱི་མ་དངུལ་འཇོག་པའི་མཐུན་རྐྱེན་དང་གཙོ་གནད་འཕེལ་རྒྱས་ཐོན་ལས་འོས་སྦྱོར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་དངུལ་འཇོག་གསར་གཏོད་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པ་ཀྲང་དབྱིན་ནན་གྱིས་ས་གཙང་གནོད་མེད་ཐོན་རྫས་ངོ་སྤྲོད་བྱས་པ་དང་། གཞན་ཡང་། ཚོགས་འདུའི་ཐོག་ད་དུང་ལྷ་སའི་ཡུལ་སྐོར་དང་། ས་གཙང་གནོད་མེད་ཐོན་ལས་དྲིལ་བསྒྲགས་གློག་བརྙན་སོགས་བསྟན་པ་དང་། དྲིལ་བསྒྲགས་ཡིག་རིགས་དེབ་3500ལྷག་འགྲེམས་སྤེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།