འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཕྲེད་ཐིག་ཏུའུ་གྲངས་མཐོ་ཤོས་ཀྱི་གཞིས་ཆགས་སར་དོམ་ཁྲ་འཚོ་གནས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉི། རང་རྒྱལ་གྱི་འཕྲེད་ཐིག་ཏུའུ་གྲངས་མཐོ་ཤོས་ཀྱི་གཞིས་ཆགས་སར་སི་ཅ་དང་ཡིའུ་ཡིའུ་དོམ་ཁྲ་གཅེན་གཅུང་གཉིས་འཚོ་གནས་ཐུབ་ནས་ལོ་གཅིག་འཁོར་བ་རེད། ཚེས་12ཉིན་དོམ་ཁྲ་མོ་སི་ཅ་སྐྱེས་ནས་ལོ་11འཁོར་བའི་སྐྱེས་སྐར་ཤར་བ་དང་། ཡུལ་སྐོར་བ་མི་1500ལྷག་ཙམ་གྱིས་མཉམ་དུ་ཡ་པུའུ་ལི་དོམ་ཁྲ་ཁང་དུ་སི་ཅ་ལ་སྨོན་འདུན་བཟང་པོ་ཞུས་པ་རེད།
         གསར་འགོད་པས་ཧེ་ལུང་ཅང་ཞིང་ཆེན་ནགས་ཚལ་བཟོ་ལས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དོམ་ཁྲ་མོ་སི་ཅ་དང་དོམ་ཁྲ་ཕོ་ཡིའུ་ཡིའུ་2016ལོའི་ཟླ་7པར་གངས་འཁྱག་ཡུལ་སྐོར་གནས་མཆོག་ཡ་པུའུ་ལིར་དངོས་སུ་འཚོ་གནས་བྱེད་འགོ་ཚུགས་པ་རེད། དེ་སྔའི་འཚོ་གནས་བྱ་ཡུལ་སི་ཁྲོན་གྱི་ཚ་གྲང་སྙོམས་པའི་གནམ་གཤིས་དང་བསྡུར་ན་ཡ་པུའུ་ལིའི་དུས་བཞིའི་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་རེད། མིག་སྔར་དོམ་ཁྲ་དེ་གཉིས་རང་རྒྱལ་གྱི་འཕྲེད་ཐིག་ཏུའུ་གྲངས་མཐོ་ཤོས་ཀྱི་གཞིས་ཆགས་སར་འཚོ་གནས་ཐུབ་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། སི་ཅ་དང་ཡིའུ་ཡིའུ་གཉིས་ཀྱིས་རང་རྒྱལ་གྱི་འཕྲེད་ཐིག་གི་གཞིས་ཆགས་སའི་དོམ་ཁྲའི་ཟིན་ཐོ་གསར་པ་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།