འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཆེད་དངུལ་གྲབས་གསོག་བྱས་ནས་གནམ་གྲུས་རྩྭ་སོན་བཤོས་ནས་སྣོད་བཅུད་
    ལེགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། གསར་འགོད་པར་ཉེ་ཆར་ཀན་སུའུ་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་གྱིས་ཆེད་དོན་གྲོན་དངུལ་གྲབས་གསོག་བྱས་ནས་ཆིང་ཡང་གྲོང་ཁྱེར་ཧོའེ་རྫོང་དང་ཧྭ་ཁྲི་རྫོང་གཉིས་སུ་གནམ་གྲུས་རྩྭ་སོན་གཤོ་བའི་རྣམ་གྲངས་ལག་བསྟར་བྱས་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། གནམ་གྲུས་རྩྭ་སོན་གཤོ་བའི་ལས་དོན་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ནང་སོག་དང་། ཀན་སུའུ། ཉིང་ཞ། ཤིན་ཅང་སོགས་ས་ཁུལ་དུ་སྤེལ་འགོ་ཚུགས་པ་དང་། གཙོ་བོ་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་དང་། རླུང་འགོག་བྱེ་འཇགས། ས་ཆུ་སྲུང་འཛིན་བཅས་སུ་སྤྱོད་པ་དང་། ལས་སྒྲུབ་རྒྱ་ཁྱོན་ཆེ་བ་དང་། ལས་སྒྲུབ་མྱུར་ཚད་མགྱོགས་པ། ཕན་འབྲས་ལེགས་པ་སོགས་ཀྱི་ལེགས་ཆ་ལྡན་ཡོད།
         ཀན་སུའུ་ཞིང་ཆེན་ནོར་སྲིད་ཐིང་གིས་མ་དངུལ་སྒོར་ཁྲི་856གྲབས་གསོག་བྱས་པ་དེ་དག་ཧོན་རྫོང་དང་ཧྭ་ཁྲེ་རྫོང་གཉིས་སུ་སྤྱད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།