འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་
    མཚོ་སྔོན་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར། ཟླ་7ཚེས་9ཉིན་ནས་ཟླ་8ཚེས་8ཉིན་བར། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའི་མངགས་བཅོལ་ལྟར་མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2017ལོའི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་དོན་ནི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་《མི་རིགས་ས་ཁུལ་གྱི་མི་རིགས་སྐད་ཡིག་དང་རྒྱ་སྐད་ཀྱི་ཁྲིམས་དཔོན་གསོ་སྐྱོང་དང་གསོ་སྦྱོང་ལས་ཀར་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་དང་གསོ་སྐྱོང་ལས་ཀར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་ཆེད་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭར་སློབ་མ་68ཡོད་པ་ལས་15ཀན་སུའུ་ནས་ཡིན་པ་རེད། སློབ་མ་ཚོའི་ལོ་ཚད་ཧེ་བག་ཆེ་ཞིང་། ལོ་རབས་80ནང་སྐྱེས་ཀྱི་ན་གཞོན་ཁྲིམས་དཔོན་ཡོད་ལ་འདྲི་གཅོད་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁྲིམས་དཔོན་རྒན་གྲས་ཀྱང་ཡོད། གསོ་སྦྱོང་ལ་ཏང་འཛུགས་སྐྱོང་དང་ཏང་གཤིས་སློབ་གསོ་དང་། སྲིད་གཙང་ཉེན་ཟོན་སློབ་གསོའི་འཆད་ཁྲིད། འདྲི་གཅོད་ཆེད་ལས་ཀྱི་ཤེས་བྱ་འཆད་ཁྲིད་བཅས་ཡོད་ལ། བོད་སྐད་ཀྱི་ཁྲིམས་སའི་འདྲི་གཅོད་བྱེད་སྟངས་ལ་ལྟ་སྦྱོང་དང་། ཚོགས་པའི་གསར་གཏོད་སྦྱོང་བརྡར། བོད་རིག་གནས་དང་ཡིག་གཟུགས་ཤེས་བྱ་འཆད་ཁྲིད་སོགས་ཀྱང་ཡོད། ད་ཐེངས་ཀྱི་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ནི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་ཐེངས་9པ་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའི་མངགས་བཅོལ་དང་ལེན་བྱས་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་ཐེངས་5པ་དེའང་རེད། ལོ་དགུའི་རིང་ཁྱོན་བསྡོམས་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་མི་ཐེངས་560ལྷག་ཙམ་གསོ་སྦྱོང་བྱས་པ་ལས་ཀན་སུའུ་ཁྲིམས་ཁང་ལ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་དཔོན་མི་ཐེངས་80ལྷག་ཙམ་གསོ་སྦྱོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།