འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་ཐའེ་ཝན་གྱིས་རྣམ་པ་གང་ཞིག་ཐོག་ནས་གཞུང་ཕྱོགས་འབྲེལ་
    གཏུག་དང་དམག་དོན་འབྲེལ་བ་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས"2018ནོར་སྲིད་དཔལ་འབྱོར་ལོ་འཁོར་གྱི་རྒྱལ་སྲུང་དབང་བསྐུར་ཁྲིམས་གཞི"ཡི་ཐའེ་ཝན་གནད་དོན་དང་འབྲེལ་བ་ཡོད་པའི་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྐོར་ལ། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་རི་དང་ཐའེ་ཝན་གྱིས་རྣམ་པ་གང་ཞིག་གི་ཐོག་ནས་གཞུང་ཕྱོགས་འབྲེལ་གཏུག་དང་དམག་དོན་འབྲེལ་བ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཚེས་14ཉིན"2018ནོར་སྲིད་དཔལ་འབྱོར་ལོ་འཁོར་གྱི་རྒྱལ་སྲུང་དབང་བསྐུར་ཁྲིམས་གཞི"ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེའི་ཁྲོད་དུ་ཨ་རིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ལ་ཨ་རི་དང་ཐའེ་ཝན་བར་ཕན་ཚུན་དམག་གྲུ་འཚམས་འདྲི་བྱེད་རེས་ཡོང་སྲིད་པའི་རང་བཞིན་ལ་དཔྱད་དཔོག་བྱེད་རྒྱུའི་བླང་བྱ་བཏོན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དེར་དཔྱད་གཏམ་གང་ཡོད་དམ་ཞེས་དྲིས་པ་རེད། 
         ལུའུ་ཁང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི"2018ནོར་སྲིད་དཔལ་འབྱོར་ལོ་འཁོར་གྱི་རྒྱལ་སྲུང་དབང་བསྐུར་ཁྲིམས་གཞི"ཡི་ནང་དུ་ཨ་རིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་ནས། ཨ་རི་དང་ཐའེ་ཝན་བར་ཕན་ཚུན་དམག་གྲུ་འཚམས་འདྲི་བྱེད་རེས་བྱེད་རྒྱུར་བྱེད་འཐུས་རང་བཞིན་གྱི་དཔྱད་དཔོག་བྱེད་དགོས་པའི་བླང་བྱ་བཏོན་པ་སོགས་དགེ་མཚན་མེད་པའི་ནང་དོན་འདུས་ཡོད་པ་རེད། དེའི་ནང་གི་འབྲེལ་ཡོད་དོན་ཚན་གྱིས་ཨ་རིའི་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་དང་ཀྲུང་ཨ་མཉམ་འབྲེལ་གསལ་བསྒྲགས་གསུམ་གྱི་རྩ་དོན་དང་ཚབས་ཆེན་འགལ་ནས་ཀྲུང་གོའི་ནང་སྲིད་ལ་ཇུས་གཏོགས་བྱས་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་ལ་སྐད་ཆ་དྲང་ནན་བྱས་ཡོད་ཅེས་བརྗོད་པ་རེད།
         ལུའུ་ཁང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཨ་རི་དང་ཐེ་ཝན་བར་རྣམ་པ་གང་ཞིག་གི་ཐོག་ནས་གཞུང་ཕྱོགས་འབྲེལ་གཏུག་དང་དམག་དོན་འབྲེལ་བ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།