འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཞུང་ཨན་ཁུལ་གསར་གྱིས་ས་ཞིང་ཤོར་བའི་ཞིང་པར་རིན་མེད་གསོ་སྦྱོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཧོ་པེ་ཞུང་ཨན་ཁུལ་གསར་གྱིས“ཞུང་ཨན་དུ་གསོ་སྦྱོང་བྱེད་པའི”བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཁུལ་གསར་དེས་སྐྲ་ཞལ་མཛེས་བཟོ་དང་། སེན་མོ་མཛེས་བཟོ། ལག་ཐོགས་ཁ་པར་ཉམས་བཟོ། ཁྱིམ་ལས་ཞབས་ཞུ་སོགས་གསོ་སྦྱོང་ལས་རིགས་12བདམས་པ་དང་། འགོ་འཛུགས་ཁུལ་དང་དེ་བཞིན་སླད་ཕྱིན་ཁུལ་ཡོངས་ཀྱི་ས་ཞིང་བསྡུས་པའི་ཞིང་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་ཚང་མར་རིན་པ་སྤྲོད་དགོས་ཀྱི་མེད།
            ཤེས་རྟོགས་བྱུང་བར་གཞིགས་ན། དུས་འགོའི་གསོ་སྦྱོང་ཐོག་གཙོ་བོར་འགོ་འཛུགས་ཁུལ་ནང་གི་ས་ཞིང་བསྡུས་པ་དང་། ངལ་རྩོལ་ན་ཚོད་ལས་མ་ཡོལ་བ། གསོ་སྦྱོང་བྱེད་འདོད་ཡོད་པ་བཅས་ཀྱི་མི་སྣར་དམིགས་ནས་སྤེལ་རྒྱུ་ཡིན་པ་དང་། གསོ་སྦྱོང་གནས་ཚུལ་དང་ཕན་འབྲས་གཞིར་བཟུང་འགོ་འཛུགས་ཁུལ་དང་དེ་བཞིན་ཁུལ་ཡོངས་སུ་མུ་མཐུད་རྒྱ་སྐྱེད་བྱས་ཏེ། ཁུལ་གསར་གྱི་ངལ་རྩོལ་པ་ཚང་མ་རིན་མེད་དང་སྤུས་ལེགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་ནང་ཞུགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད། གསོ་སྦྱོང་དེ་གཙོ་བོར་འཚམ་འཕྲོད་རང་བཞིན་གྱི་གསོ་སྦྱོང་དང་། རྩལ་ནུས་གསོ་སྦྱོང་། ལས་གཏོད་གསོ་སྦྱོང་བཅས་རྣམ་པ་གསུམ་དུ་དབྱེ་ཡོད་ཅིང་། འཚམ་འཕྲོད་རང་བཞིན་གྱི་གསོ་སྦྱོང་ཐད། སེམས་ཁམས་མཛུབ་ཁྲིད་པ་གྲཌ་ཅན་གདན་དྲངས་ནས་ལས་ཞུཌ་ལས་གཏོད་གསོ་སྦྱོང་གི་སློབ་ཚན་ཁྲིད་དུ་བཅུག་སྟེ་སེམས་ཁམས་སློབ་སྟོན་བྱེད་པ་དང་། ས་ཞིང་བསྡུས་པའི་ཞིང་པར་སྲོལ་རྒྱུན་གྱི་འདུ་ཤེས་ཧུར་ཐག་བསྒྱུར་རྒྱུའི་སྐུལ་ལྕག་གཏོང་བ། མ་འོངས་པའི་ལས་ཞུགས་ལས་གཏོད་ཀྱི་ཁ་ཕྱོགས་གསར་པར་དབྱེ་ཞིབ་བྱེད་རོགས་བཅས་བྱས་ནས་ལས་ཞུཌ་ལས་གཏོད་ཀྱི་གདེང་ཚོད་ལྡན་པ་བྱ་རྒྱུ། རྩལ་ནུས་གསོ་སྦྱོང་ཐད། “གྲོང་གསེབ་ཏུ་གསོ་སྦྱོང་ཡན་ལག་རུ་ཆུང”བཙུགས་ཐོག་འགོ་འཛུཌ་ཁུལ་དུ་བསྐྱོད་དེ། མ་འོངས་པར་གསོ་སྦྱོང་སྣ་ཚོཌ་སྤེལ་བའི་སྣེ་ཁྲིད་པ་ལྟ་བུ་ཡིན་པའི་ཆ་ནས། སྒོ་ཁར་རྩལ་ནུས་གསོ་སྦྱོང་བྱེད་པའི་རྣམ་པའི་གསོ་སྦྱོང་བྱ་རྒྱུ་དང་། དུས་འགོར་ཉེར་སྤྱོད་རང་བཞིན་དང་སྤྱོད་བདེ་རང་བཞིན་ཆེ་བ་དང་། སྦྱོང་སླ་བ། ལས་ཞུཌ་ཚད་གཞི་ཅུང་དམའ་བ་བཅས་ཀྱི་ལས་རིཌ་བདམས་ནས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། ལས་གཏོད་གསོ་སྦྱོང་ཐད། “ལས་གཏོད་འཇོན་ཐང་ཅན་གསར་པའི་གསོ་སྦྱོང་འཆར་གཞི”དམ་འཛིན་བྱ་གཞིར་བྱས་ནས་ཐོན་ལས་རྗེས་ལུས་ཡིན་པ་དང་། གཞི་ཁྱོན་ཆུང་བ། ཁོར་ཡུག་སྲུང་སྐྱོང་བྱེད་ཤུཌ་ཞན་པ་བཅས་ཀྱི་རྐྱེན་པས་རྒྱུན་སྐྱོང་ཐབས་བྲལ་ཡང་། ཡང་བསྐྱར་ལས་གཏོད་བྱེད་འདོད་ཡོད་པ་དང་ཡང་ན་ལས་གཏོད་ཀྱི་གཞི་རྩའི་ཆ་རྐྱེན་ལྡན་པའི་བཟོ་ཚོང་དུད་ཚང་ཆུང་གྲས་དང་ཁེ་ལས་ཆུང་གྲས་ཁག་གཅིག་གསོ་སྐྱོང་བྱ་གཞིར་བདམས་ནས་མ་འོངས་པའི་ཞབས་ཞུའི་ཁྱབ་ཁོངས་སུ“ལས་གཏོད་འཇོན་ཐང་ཅན”གསར་པ་བཏོད་དེ་ཁུལ་གསར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ལས་གཏོད་དཔེ་མཚོན་གཏོད་རྒྱུ་ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།