འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནང་སོག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱ་ཆེད། ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་《ནང་སོག་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཞེས་པ་ནི་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་སྨན་བཅོས་སྒྲིག་གཞིའི་དབར་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་སྣ་ཚོགས་བྱས་ནས་ཆགས་པའི་སྨན་བཅོས་སྒྲིག་གཞིའི་མཉམ་འབྲེལ་རྩ་འཛུགས་ཤིག་ཡིན། ནང་སོག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འབོར་མི་འདང་བ་དང་། གྲུབ་ཆ་ལུགས་མཐུན་མེད་པ། ཁྱབ་ཚུལ་དོ་སྙོམས་མེད་པ། སྨན་བཅོས་སྒྲིག་གཞིའི་རིམ་དབྱེའི་ནད་བརྟག་སྨན་བཅོས་སྒྲིག་ལམ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་《ཇུས་གཞིའི་》ནང་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བསྐྲུན་པ་ནི་གྲོང་ཁྱེར་ཁག་ཏུ་སྨན་བཅོས་ཚོགས་པ་བྱེད་ཐབས་གཙོ་བོར་བྱེད་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ཚོད་ལྟ་བྱེད་པ་དང་། ཆི་(གྲོང་ཁྱེར་དང་ཆུས)ལ་སྨན་བཅོས་གཅིག་མཐུན་འདུས་གྲུབ་བྱེད་ཐབས་གཙོ་བོར་བྱེད་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ཚོད་ལྟ་བྱེད་པ། གྲོང་ཁྱེར་སྒྲོལ་ནས་རིམ་གསུམ་ཆེད་ཚན་སྨན་ཁང་ངམ་ཡང་ན་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་གི་ལེགས་ཆའི་ནད་ཐོག་སྨན་བཅོས་ཆེད་ཚན་ལ་བརྟེན་པའི་ཆེད་ཚན་མནའ་འབྲེལ་འཛུགས་སྐྲུན་ཚོད་ལྟ་བཅས་བྱས་ནས་གཞི་རིམ་དང་ཐག་རིང་ལུང་ཁུག་ས་ཁུལ་ལ་ཁ་ཕྱོགས་པའི་རྒྱང་ཁྲིད་སྨན་བཅོས་གཞོགས་འདེགས་དྲ་བ་འཛུགས་དགོས་ལུགས་གསལ་པོ་བཏོན་ཡོད།
            དེ་དང་དུས་མཚུངས་《ཇུས་གཞིའི་》ནང་ནང་སོག་གི་རོགས་སྐྱོར་རྣམ་པར་བརྟེན་ནས་ཆི་རིམ་པའི་སྨན་ཁང་ཚབ་གཉེར་བྱས་ཏེ་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། གྲོང་ཁྱེར་དང་། ཆི་(གྲོང་ཁྱེར་དང་ཆུས)དབར་གྲོང་ཁྱེར་གྱི་རིམ་གསུམ་གཞུང་བཙུགས་སྨན་ཁང་གིས་དངོས་གཞིའི་ཚན་པ་གཙོ་བོར་བྱས་ཏེ་ཆི་རིམ་པའི་སྨན་བཅོས་སྒྲིག་གཞི་གཅིག་གམ་ཡང་ན་མང་པོ་ཚབ་གཉེར་བྱས་ནས་ཚབ་གཉེར་གྱི་མཉམ་འབྲེལ་སྒྲིག་གཞི་ཞིག་ཆགས་པ་བྱེད་དགོས། རང་སྐྱོང་ལྗོངས་རིམ་པའམ་ཡང་ན་ཕྱོགས་བསྡུས་ཆུ་ཚད་མཐོ་བའི་གྲོང་ཁྱེར་རིམ་པའི་རིམ་གསུམ་གྱི་གཞུང་བཙུགས་ཀ་པ་རིམ་པའི་སྨན་ཁང་དང་ས་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ནང་ཞུགས་པ་ཕུད་ལེགས་ཆ་གསབ་རེས་དང་རོགས་རེས་འཕེལ་རྒྱས་ཀྱི་རྩ་དོན་གཞིར་བཟུང་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་ཁག་གཅིག་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་འཛུགས་སྐྲུན་གཞི་ཁྱོན་དེ་བས་ཆེ་བ། ཁྱབ་རྒྱ་དེ་བས་ཆེ་བ་དང་། ཤེས་ལྡན་མི་སྣ་སྐོར་སྐྱོད་དེ་བས་ལེགས་པ། ཞབས་ཞུའི་ནུས་པ་དེ་བས་ཆེ་བ་བཅས་ཀྱི་རིམ་མཐོའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་རིམ་མཐོའི་སྨན་བཅོས་རོགས་རེས་སྒྲིག་གཞི་ཞིག་སྐྲུན་དགོས་ལུགས་གསལ་པོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།