༄༅།།ཀོང་ཞིའི་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་བྱུང་ཁུལ་དུ་ལོ་ཏོག་མྱུར་སྡུད་མྱུར་འདེབས་ཀྱི་
བྲེལ་བ་ཆེ་བ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 07ཚེས་18ཉིན། 13:28】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་བ་7པ་ནས་བཟུང་ཀོང་ཞི་ཞིང་ཆེན་གྱི་ཆོན་ཀྲོའུ་རྫོང་ལ་ལོ་བརྒྱར་ཐེངས་གཅིག་གི་ཆུ་ལོག་དང་ཞོད་སྐྱོན་ཧ་ཅང་ཚབས་ཆེན་བྱུང་སྟེ། རྒྱ་ཁྱོན་ཆེ་བའི་འབྲས་ཞིང་ཆུས་སྣུབ་པ་རེད། ཞིང་ལས་ཐད་ཀྱི་གནོད་འཚེ་ཉུང་ཤོས་སུ་གཏོང་བའི་འགན་ལེན་ཏན་ཏིག་བྱ་ཆེད། རྫོང་འདིས་ཚན་རིག་དང་མཐུན་པའི་གནོད་སྐྱོན་སྔོན་འགོག་དང་གནོད་སྐྱོན་ཉུང་དུ་གཏོང་ཐབས་བྱས་པ་སྟེ། མང་ཚོགས་སྒྲིག་འཛུགས་བྱས་ནས་ཆུ་ལོག་གིས་སྣུབ་པའི་སྔ་སྨིན་འབྲས་མྱུར་སྡུད་དང་དུས་ཐོག་ཏུ་འབྲས་ལྗང་གསོ་ཞིང་གསབ་འཛུགས་བྱེད་པ་དང་། ཞིང་ཁ་གཡོག་ལས་ཡག་པོ་བྱས་ཏེ་གནོད་སྐྱོན་བྱུང་ཡང་ཐོན་འབབ་མི་ཆག་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།
【1】
【2】
【3】
【4】
【5】
【6】
【7】