འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་
    འགལ་ནས་འཕུར་མདེལ་འཕེན་གཏོང་བྱེད་སྒོ་སྤེལ་བར་ངོ་རྒོལ་བྱ་དགོས་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཁྲའོ་ཞན་གྱིས་འཕུར་མདེལ་འཕེན་གཏོང་བྱས་པའི་གནད་དོན་སྐོར་ལ་ཀྲུང་གོའི་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ནས་འབྲེལ་ཡོད་འཕེན་གཏོང་བྱེད་སྒོ་སྤེལ་བར་ངོ་རྒོལ་བྱེད་ཀྱི་ཡིན་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་སླར་ཡང་མི་སྤེལ་བར། བགྲོ་གླེང་གྲོས་མོལ་ཡང་བསྐྱར་བྱ་རྒྱུར་དགོས་ངེས་ཀྱི་མཐུན་རྐྱེན་གསར་དུ་བསྐྲུན་རྒྱུར་སྐུལ་འདེབས་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། ཁྲའོ་ཞན་གྱིས་ཟླ་7ཚེས་4ཉིན་ཉིན་དེར“མེ་སྟག་ཨང་རྟགས་14”པའི་གླིང་བརྒལ་མདེལ་ལམ་ཅན་གྱི་འཕུར་མདེལ་ལེགས་འགྲུབ་ངང་འཕེན་གཏོང་བྱས་ཡོད ། འཕུར་མདེལ་དེ་སྔོན་བཀོད་མདེལ་ལམ་དེད་དེ་སྐར་མ་39འཕུར་ནས་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་ཤར་རྒྱུད་མཚོ་ཁོངས་ཀྱི་སྤྱིའི་རྒྱ་མཚོའི་ཐོག་གི་སྔོན་བཀོད་དམིགས་འབེན་ལ་ཏག་ཏག་ཕོག་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཀེང་ཧྲོན་གྱིས་ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་གནས་འཕྲིན་ལ་དོ་སྣང་བྱས་ཡོད་པ་དང་། གནས་ཚུལ་འཚོལ་སྡུད་བྱེད་ཀྱི་ཡོད་པ་མ་ཟད་གནས་བབ་འཕེལ་ཚུལ་ལ་རྗེས་སྙེག་ཀྱང་བྱེད་བཞིན་ཡོད། “ང་ཚོས་ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་བསྐྱར་སྒྲོག་ཐེངས་མང་བྱས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ནང་དུ་ཁྲའོ་ཞན་གྱིས་མདེལ་ལམ་ཅན་གྱི་འཕུར་མདེལ་གྱི་ལག་རྩལ་བེད་སྤྱོད་བྱས་ནས་འཕེན་གཏོང་བྱེད་སྒོ་སྤེལ་རྒྱུར་གཏན་འཁེལ་གསལ་པོར་བྱས་ཡོད”ཅེས་བསྟན་པ་རེད།
         ཁོང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ནས་འབྲེལ་ཡོད་འཕེན་གཏོང་བྱེད་སྒོ་སྤེལ་བར་ངོ་རྒོལ་བྱེད་ཀྱི་ཡིན་པ་དང་། ཁྲའོ་ཞན་ཕྱོགས་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་སླར་ཡང་མི་སྤེལ་བར། བགྲོ་གླེང་གྲོས་མོལ་ཡང་བསྐྱར་བྱ་རྒྱུར་དགོས་ངེས་ཀྱི་མཐུན་རྐྱེན་གསར་དུ་བསྐྲུན་རྒྱུར་སྐུལ་འདེབས་བྱེད་ཀྱི་ཡིན་ཞེས་བསྟན་པ་དང་།  ཀེང་ཧྲོང་གིས"ངས་མིག་སྔའི་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་གནས་བབ་རྙོག་འཛིང་ཆེ་ཞིང་ཚོར་སྐྱེན་པོ་ཡོད་པས། ང་ཚོས་འབྲེལ་ཡོད་ཕྱོགས་ཡོད་ཚད་ཀྱིས་བབ་བརླིང་ཚོད་འཛིན་རྒྱུན་འཁྱོངས་བྱས་ནས་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་ཛ་དྲག་ཆེ་བའི་གནས་བབ་ཞི་འཇམ་དུ་གང་མགྱོགས་བཏང་སྟེ་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་གནད་དོན་དེ་སླར་ཡང་ཞི་བདེའི་ངང་གྲོས་གླེང་བྱ་རྒྱུའི་ཡང་དག་པའི་སྲོལ་ལམ་དུ་འཁོད་པ་བྱ་དགོས་ཞེས་བསྐྱར་སྒྲོག་ཡང་བསྐྱར་བྱེད་ཀྱི་ཡིན"ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།