འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱ་མཚོ་རྟགས་ཅན་ཨང་དྲུག་པས”རྒྱང་རིང་རྒྱ་མཚོར་ཚན་རིག་རྟོག་ཞིབ་བྱས་ཏེ་རྒྱལ་
    སྤྱིའི་མཚོ་ཁོངས་སུ་མཚོ་མཐིལ་ས་གཤིས་བརྟག་དཔྱད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀོང་ཀྲོའུ་རྒྱ་མཚོའི་ས་གཤིས་བརྟག་དཔྱད་ཅུས་ཀྱི“རྒྱ་མཚོ་རྟགས་ཅན་ཨང་དྲུག་པའི”གྲུ་གཟིངས་ཀོང་ཀྲོའུ་ཏུང་ཅང་ཁའུ་རྒྱ་མཚོའི་ས་གཤིས་ཆེད་སྤྱོད་གྲུ་ཁ་ནས་ཐོན་འགོ་ཚུགས་ཏེ་ཞི་བདེ་རྒྱ་མཚོ་ཆེ་མོར་བསྐྱོད་ནས་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ཀྱིས་2017ལོའི་མཚོ་མཐིལ་ས་གཤིས་ཐེངས་གྲངས་དང་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་B41ཐེངས་གྲངས་ཀྱི་ཚན་རིག་རྟོག་ཞིབ་ལས་འགན་འཁུར་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ“རྒྱ་མཚོ་རྟགས་ཅན་ཨང་དྲུག་པས”ཐེངས་གྲངས་གཉིས་ཀྱི་ལས་འགན་འཁུར་རྒྱུ་དང་སྔོན་རྩིས་ལྟར་ན་ཆུ་འཛུལ་ལམ་ཐག་སྤྱི་ལེ་22000ཟིན་རྒྱུ་དང་2018ལོའི་ཟླ་2པར་ཀོང་ཀྲོའུ་རུ་ཕྱིར་ལོག་ཐུབ་རྒྱུ་རེད། མཚོ་མཐིལ་ས་གཤིས་ཐེངས་གྲངས་དེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་རྒྱལ་སྤྱིའི་མཚོ་ཁོངས་སུ་མཚོ་མཐིལ་ས་གཤིས་ཀྱི་ཚན་རིག་དང་མཐུན་པའི་རྟོག་ཞིབ་བྱས་ཏེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་གཤིས་ཆགས་ཚུལ་དང་དེ་བཞིན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་སྔར་བས་ཤེས་རྟོགས་ཐུབ་རྒྱུར་རྨང་གཞིའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོའི་རྒྱ་མཚོ་ཆེ་མོའི་B41ཐེངས་གྲངས་ཀྱིས་ནུབ་ཞི་བདེ་རྒྱ་མཚོའི་མཚོ་ཁོངས་སུ་ཐོན་ཁུངས་དང་། ཁོར་ཡུག སྐྱེ་དངོས་སོགས་ལ་བརྟག་དཔྱད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།