འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱིས་དངུལ་ཁང་གི་གཞུང་གི་བཅོལ་དངུལ་བསྡུ་ལེན་བྱ་སྤྱོད་ཚད་
    ལྡན་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། དངུལ་ཁང་ལྟ་སྐུལ་ཨུ་ལྷན་གྱིས་《དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་གཞུང་གི་བཅོལ་དངུལ་བསྡུ་ལེན་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་སྟེ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་གཞུང་གི་བཅོལ་དངུལ་བསྡུ་ལེན་བྱ་སྤྱོད་དག་ཐེར་དང་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་དང་། 《བརྡ་ཐོའི་》ནང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་སྐབས་ཤིག་རང་བཞིན་གྱི་བཅོལ་དངུལ་གྱི་གཞི་ཁྱོན་དང་། ཁྲོམ་རའི་སྐལ་གྲངས་སམ་ཡང་ན་མིང་གྲལ་སོགས་ཀྱི་སྟོན་རྟགས་གཏན་ནས་བཟོ་མི་རུང་བའི་བླང་བྱ་བཏོན་ཡོད་པ་རེད།
           《བརྡ་ཐོའི་》ནང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རྒྱུ་ནོར་ལག་རྟགས་སུ་འབུལ་བ་དང་། གཉེན་ཉེ་ལས་ཞུགས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་གཞུང་དངུལ་བཅོལ་མཁན་གྱི་འབྲེལ་ཡོད་འགན་འཁུར་བར་ཁེ་ཕན་གཉེར་རྒྱུ་བཀག་འགོག་བྱས་ནས། གཞུང་དངུལ་བཅོལ་མཁན་གྱི་འབྲེལ་ཡོད་འགན་འཁུར་བ་གཙོ་བོར་དངུལ་སྨར་དང་། རིན་ཐང་ལྡན་པའི་དངུལ་འཛིན་དང་དངོས་པོ་ལག་རྟགས་སུ་འབུལ་མི་རུང་བ་དང་། གཞུང་དངུལ་བཅོལ་མཁན་གྱི་འབྲེལ་ཡོད་འགན་འཁུར་བ་གཙོ་བོའི་བཟའ་ཟླ་དང་། བུ་ཕྲུག དེ་བཞིན་དེའི་བཟའ་ཟླ་དང་ཐད་ཀར་འབྲེལ་བ་ཡོད་པའི་འབྲེལ་ཡོད་མི་སྣ་གཞན་དག་ལས་ཞུགས་དང་གོ་གནས་སྤོར་རྒྱུ་བཀོད་སྒྲིག་བྱེད་པའམ་ཡང་ན་གོང་གསལ་གྱི་མི་སྣར་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ཕན་གཉེར་མི་རུང་བ། གལ་སྲིད་གཞུང་དངུལ་བཅོལ་མཁན་གྱི་འགན་འཁུར་བ་གཙོ་བོའི་བཟའ་ཟླ་དང་། བུ་ཕྲུག དེ་བཞིན་དེའི་བཟའ་ཟླ་དང་ཐད་ཀར་འབྲེལ་བ་ཡོད་པའི་འབྲེལ་ཡོད་མི་སྣ་ཡིན་ན་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ལས་དོན་མི་སྣས་ལས་དོན་སྒྲུབ་སྐབས་ལས་དོན་པ་དེ་གཡོལ་དུ་འཇུག་དགོས་པ་བཅས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།