འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པུ་རུ་སེར་གྲོང་ཁྱེར་གྱི་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པུ་རུ་སེར་གྲོང་ཁྱེར་གྱི་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་གྱི་དགོང་མོར། པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་གི་དྲ་ཚིགས་སུ་གནས་འཕྲིན་སྤེལ་ནས། ཉིན་དེའི་དགོང་མོ། རང་ལོ་30སོ་གྲངས་སུ་ཟིན་པའི་སྐྱེས་པ་ཞིག་གིས་པུ་རུ་སེར་གྲོང་ཁྱེར་གྱི་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་འབར་གས་སྤར་རུང་། མི་སྣར་ཤི་རྨས་བྱུང་མེད་པ་རེད། སྐྱེས་པ་དེ་ནི་རྗེས་སུ་འབྱོར་བའི་དམག་མིས་མེ་མདའ་བརྒྱབ་ཏེ་བསད་པ་རེད་ཅེས་བརྗོད།
           པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་གི་གཏམ་བརྗོད་པ་ཨའེ་ལི་ཁི་•ཧྥན་ཏེར་•ཞི་ཕུའུ་ཐི་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག ཉིན་དེའི་དགོང་མོའི་ཆུ་ཚོད་20:30ཡས་མས་སུ། པུ་རུ་སེར་གྲོང་ཁྱེར་གྱི་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་བྱུང་བའི་འབར་གས་ཀྱི་དོན་རྐྱེན་ནི་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་རེད་ཅེས་བརྗོད་པ་རེད།
           སི་ཕུའུ་ཐི་ཡིས་འབར་གས་ཁྲོད་དུ་མི་སྣ་ཤི་རྨས་བྱུང་མེད་པ་དང་། ད་ལྟ་ཞིབ་དཔྱོད་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་འདི་ཉིད་ཀྱི་ཐོབ་ཐང་མི་ཤེས་པ་མ་ཟད། དེར་ངན་གྲོགས་ཡོད་མེད་གསལ་པོ་ཞིག་ཤེས་མེད་ཅེས་བརྗོད་པ་རེད།
           པེར་ཀྲེམ་ཉེན་རྟོག་ཕྱོགས་ཀྱིས་ཐི་ཝི་ཐེར་(推特)དུ། ད་ལྟ"གནས་བབ་བཀག་སྡོམ་བྱས་ཡོད།" ཡིན་ནའང་། པུ་རུ་སེར་གྲོང་ཁྱེར་གྱི་ཁྲོམ་སྲང་གི་ཉེན་རྟོག་པ་དང་ཉེན་རྟོག་རླངས་འཁོར་སྔར་བཞིན་མཐོང་ཐུབ་ལ། ཉེན་རྟོག་ཐད་འཕུར་གནམ་གྲུའང་སྔར་བཞིན་བར་སྣང་དུ་ལྡིང་སྐོར་རྒྱག་པ་རེད། ད་ལྟ། ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་འབྱོར་བའི་མེ་འཁོར་ཚང་མ་འཁོར་སྐྱོད་མཚམས་འཇོག་བྱས་ཡོད་པ་མ་ཟད། ས་ཚིགས་འདི་རུ་འབྱོར་བའི་ལམ་བར་གྱི་མེ་འཁོར་དག་ཀྱང་འཁོར་སྐྱོད་མཚམས་འཇོག་བྱས་ཡོད་ཅེས་བསྟན་པ་རེད།
    ༄༅།།པུ་རུ་སེར་གྲོང་ཁྱེར་གྱི་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ།
    ༄༅།།པུ་རུ་སེར་གྲོང་ཁྱེར་གྱི་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་འབར་གས་ཀྱི་དོན་རྐྱེན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།