འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གིས་བོད་ལྗོངས་མེ་ཏོག་རྫོང་དུ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་
    ས་ཚིགས་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མེ་ཏོག་རྫོང་འདི་ཉིད་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་གི་དམིགས་བསལ་ཁུལ་དུ་གནས་པས་ཀྲུང་གོ་ཚན་རིག་ཁང་གིས་མེ་ཏོག་ཏུ་སའི་གོ་ལའི་ཡུལ་ལྗོངས་དང་སའི་གོ་ལའི་མ་ལག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་བསྐྲུན་རྒྱུ་རེད། ས་ཚིགས་དེས་རང་རྒྱལ་གྱིས་བོད་ཤར་ལྷོའི་ས་ཁུལ་གྱི་སྣོད་བཅུད་མ་ལག་ལ་སྔར་བས་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་ཐེབས་ནས་ཚན་རིག་ཞིབ་འཇུག་ལ་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུ་མ་ཟད། བོད་དུ་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་རྒྱུར་རམ་འདེགས་ཀྱང་ཐུབ་རྒྱུ་རེད།
         ཉེ་དུས་གསར་འགོད་པར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཚན་རིག་ཁང་མེ་ཏོག་ས་ཚིགས་འདི་ལོའི་ལོ་མཇུག་ཏུ་ལས་འགོ་འཛུགས་རྒྱུ་དང་ས་ཚིགས་གནས་ཡུལ་མེ་ཏོག་རྫོང་བདེ་ཞིང་གྲོང་ཚོ་རེད། ས་ཚིགས་བསྐྲུན་རྗེས་བར་སྣང་ལྟ་ཞིབ་ཚད་ལེན་གྱི་སྟོང་ཆ་ནུས་ལྡན་ངང་བསྐངས་ཏེ་ཀྲུང་གོ་ཚན་རིག་ཁང་གིས་གནམ་མཚོ་དང་། ཇོ་མོ་གླང་མའི་བྱང་ངོས། ཉིང་ཁྲིའི་ཀླུ་ནང་། མངའ་རིས་ཀྱི་རུ་ཐོག ནག་ཆུའི་མཚོ་གཉིས་སོགས་ས་ཆར་བཙུགས་པའི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དང་མཉམ་དུ་མཚོ་བོད་ས་མཐོའི་སྤྱི་ཡོངས་ལ་རྒྱུས་མངའ་དང་ཞིབ་འཇུག་བྱ་རྒྱུ་རེད།
         ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། ཞིབ་འཇུག་པ་ཀྲུའུ་ལི་ཕིང་གིས་མེ་ཏོག་རྫོང་གི་ས་བབ་ཧེ་བག་ཧ་ཅང་ཆེ་བས་མཐོ་ཤོས་སྨི་6000ཡན་ཟིན་གྱི་ཡོད། རང་བྱུང་ས་གཤིས་རྙོག་འཛིང་ཆེ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་ཕུན་སུམ་ཚོགས་པས་མཚོ་བོད་ས་མཐོའི་སྤྱི་ཡོངས་ཀྱི་སྣོད་བཅུད་མ་ལག་ནང་དམིགས་བསལ་རང་བཞིན་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད།
         དམིགས་བསལ་གྱི་སྣོད་བཅུད་མ་ལག་ལས་ཞིབ་འཇུག་ལ་རིན་ཐང་ལྡན་པ་དང་ཚན་རིག་ཞིབ་འཇུག་པས་མེ་ཏོག་ཁུལ་གྱི་སྔོ་ཁེབས་དང་། འཁྱགས་རོམ། རླུང་ཁམས་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་གདོད་མའི་ཐོན་ཁུངས་ལ་བརྟག་ཞིབ་དང་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་རང་བྱུང་ཁུལ་ཁག་གིས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།